Diploma in Lay-Nga Rabjam

མཆོད་བརྗོད།

༉  རང་བཞིན་ཞི་བའི་སྐུ་དང་ཞི་བའི་གསུང་། །ཞི་བའི་ལམ་ནས་ཞི་བའི་གོ་འཕང་བརྙེས། །

ཞི་བའི་ཐུགས་ཀྱིས་འགྲོ་བ་འདྲེན་མཛད་པ། །ཞི་བདེའི་ལམ་མཁན་ཤཱཀྱའི་རྒྱལ་པོར་འདུད། །

ཅིར་ཡང་སྣང་བ་སྲིད་པའི་ཁམས་འདི་ན། །མ་དག་ལས་ཀྱིས་བསྐྱེད་པའི་འགྲོ་བ་རྣམས། །

མི་བཟོད་ནད་ཀྱིས་མནར་ལ་སྙིང་རྗེའི་ཤུགས། །ནམ་མཁའི་གློག་ལས་མྱུར་བའི་མགོན་དེས་སྐྱོངས། །

རྒྱལ་བའི་མཛད་པ་མཐའ་དང་མུ་མེད་ལས། །དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་དང་། །

ཡིད་ལས་སྐྱེས་སོགས་མ་ངེས་སྣ་ཚོགས་པའི། །སྤྲུལ་པ་ནམ་མཁའ་གང་བར་སྟོན་ལ་འདུད། །

དལ་རྟེན་མི་ཡི་ཟོལ་གྱིས་གངས་ལྗོངས་སུ། །སྲིད་པའི་རོལ་རྩེད་བློ་ལས་འདས་པའི་གར། །

བསྒྱུར་བས་སྨན་བླ་ཡོན་ཏན་མགོན་པོ་ཞེས། །མཚན་སྙན་སྲིད་རྩེར་བསྒྲེངས་དེས་བདག་ཡིད་སྐྱོངས། །

གངས་ཅན་མཁས་པའི་དབུས་ན་མཁས་པའི་སྙན་པ་ཆེ་ཆེར་བསྒྲགས། །

སྨན་གྱི་ལྗོངས་འདིར་སྨན་དཔྱད་མཛད་པའི་འགྲོ་དོན་མུ་མཐའ་མེད། །

གསོ་རིག་འཆད་ཉན་བསྟན་པ་སྤེལ་བའིགསོ་རིག་མེས་པོ་མཆོག །

ཐུབ་བསྟན་ལེགས་བློ་ལེགས་བཤད་སྨྲ་བའི་མགོན་མཆོག་བདག་ལ་དགོངས། །

སྨན་གྱི་ལྗོངས་འདིར་རང་ལུགས་སྨན་བཅོས་འདི། །དེང་རབས་སྨན་བཅོས་ལུགས་དང་ལྷན་ཅིག་ཏུ། །

སྲོལ་བཟང་མི་ནུབ་བསྐལ་པར་གནས་པའི་ཆེད། །བཏོད་མཛད་མི་དབང་གསུམ་པ་གཙུག་ན་རྒྱལ། །

གང་གི་བཀའ་རྒྱ་གསེར་གྱི་གཉའ་ཤིང་དེ། །སྤྱི་བོར་བླངས་ནས་ཕྲག་པས་འདེགས་བཟོད་པའི། །

འཚོ་བྱེད་པད་རྡོར་ཤེས་རབ་འབྱོར་ལྡན་གྱི། །བཀྲིན་ནམ་མཁའི་མཐའ་དེ་ཇི་ལྟར་གཞལ། །

སྔོན་བྱོན་མེས་པོའི་མཛད་བཟང་ཆུ་རྒྱུན་དེ། །སྨན་ལྗོངས་སྐྱེ་རྒུའི་ཕན་དང་བདེ་བའི་གཞིར། །

གནས་ཕྱིར་སྨན་པའི་ཆོས་ཚན་རྩ་གཞུང་འདི། །ཡང་ཡང་ཞུན་ཐར་དཔྱད་ནས་འདིར་འགོད་བྱ། །

ཞེས་བརྩམ་པ་མཐར་ཕྱིན་པའི་ཆེད་དུ་མཆོད་པར་བརྗོད་པ་དང་དམ་བཅའ་བའི་ཚིག་གི་མེ་ཏོག་གིས་མདུན་བསུས་ཏེ་སྦྱོང་བྱེད་ལས་ལྔའི་གཙུག་ལག་འོག་མའི་སློབ་ཚན་རྩ་གཞུང་འདི་ནཱ་ལས་མར་རིམ་པ་བཞིན་དུ་བཀོད་ནི་འགོ་བཙུགསཔ་ཨིན།

༡   སློབ་སྦྱོང་གི་གཞི་རིམ་གནས་ཚུལ།

༡.༡ སློབ་ཚོགས།

ནང་པའི་གསོ་བ་རིག་པའི་སློབ་ཚོགས། ཐིམ་ཕུག་ཀ་ཝང་བྱང་ས།

 

༡.༢ ལས་རིམ་དང་གནང་ཆའི་མིང་།

ལས་རིམ།      ལས་ལྔ་རབ་འབྱམས་པའི་སློབ་སྦྱོང་།

གནང་ཆ།      སྦྱོང་བྱེད་ལས་ལྔའི་གཙུག་ལག་འོག་མའི་ཤེས་ཚད།

༡.༣ སློབ་སྦྱོང་གི་དུས་ཡུན་དང་ཐབས་ལམ།

དུས་ཡུན་      ལོ་གསུམ།

ཐབས་ལམ། སློབ་སྟོན་གསལ་བཤད་དང་བློར་འཛིན་སྨན་བཅོས་ལག་ལེན་དེ་ལས་ལཱ་གཞི་མཉམ་སྦྲགས་ཀྱི་སློབ་སྦྱོང་ཐབས་ལམ་ཚུ་ཨིན།

༢    སྤྱིར་བཏང་སློབ་སྦྱོང་གི་དམིགས་ཡུལ།

སློབ་སྦྱོང་པ་ཚུ་སློབ་སྦྱོང་མཐར་འཁྱོལ་བའི་ཤུལ་ལུ་རང་ལུགས་ནང་པའི་སྨན་བཅོས་ཀྱི་ཞབས་ཏོག་འདི་ཕྱི་ཚན་རིག་གི་སྨན་བཅོས་དང་གཅིག་ཁར་མཉམ་འབྲེལ་དང་གཅིག་བསྒྲིལ་ཐོག་ལས་རང་ལུགས་སྔར་སྲོལ་བཟང་པོའི་གཞིར་བཟུང་ཐོག་ མི་སྡེ་ཡོངས་ལུ་སྤུས་ཚད་དང་ལྡནམ་སྦེ་ སྦྱོང་བྱེད་ལས་ལྔའི་ཞབས་ཏོག་ཞུ་ནི་འདི་གལ་ཆེ་བའི་དམིགས་ཡུལ་གཙོ་བོ་ཅིག་ཨིན།

༣  ཁྱད་པར་གྱི་དམིགས་ཡུལ།

  • ཀུན་སློང་དང་ཀུན་སྤྱོད་བཟང་པོའི་རྣམ་གཞག་དང་། གོངམ་བཀུར་ལུགས་དང་ འོག༌མ་སྐྱོང་ལུགས་ རང་མཉམ་བརྩེ་མཐུན་ ནད་པར་བྱམས་བརྩེ་འབད་ཐངས་ཤེས་ཚུགས།
  • སྨན་གྱིས་ཕན་སྐྱེད་མ་བྱུང་མི་ཚུ་ལུ་ལས་ལྔའི་ཞབས་ཏོག་ལག་ལེན་འཐབ་ཚུགས།
  • ནད་གཞི་དང་བསྟུན་ཟས་སྤྱོད་སྤང་བླང་དང་ནད་རིགས་སྔོན་འགོག་འབད༌ཐངས༌ཀྱི་གོ་བརྡ་སྤྲོད་ཚུགས།
  • སྨན་བཅོས་བཀོད་འཛིན་དང་འཁྲིལ་སྨན་གྱི་བཟི་ཆེ་ཆུང་དང་བསིལ་དྲོད་ཀྱི་དབྱེ་བ་ཐུན་ཚད་ཚུ་མ་ནོར་བར་བསླབ་སྟོན་གྱི་ཐོག་ལས་སྤྲོད་ཚུགས།
  • ལས་ལྔ་ནང་བཞག་ནད་པའི་དོན་ལུ་རྒྱལ་ཡོངས་ཀྱི་གནས་ཚད་དང་ལྡན་པའི་ཞབས་ཏོག་ཡང་དག་སྦེ་སྤྲོད་ཚུགས།

༤  སྦྱོང་བྱེད་ལས་ལྔའི་གཙུག་ལག་འོག་མའི་སློབ་ཚན་ནང་དོན།

༥   འཛུལ་ཞུགས་ཁྱད་ཚད།

  • རིག་གཞུང་འབྲིང་རིམ་གོང་མའི་ནང་ལས་སློབ་རིམ་༡༢པ་རྩ་བའི་ཆོས་ཚན་(སྤྱོད་འཇུག་སུམ་རྟགས་སྙན་ངག་རྫོང་ ཁ)ཚུ་ནང་ཉུང་ཤོས་བརྒྱ་ཆ་༥༥དང་ དབྱིན་སྐད་ནང་ཉུང་ཤོས་བརྒྱ་ཆ་༤༥ཐོབ་སྟེ་མཐར་འཁྱོལ་བྱུང་དགོཔ་ཨིན།
  • གཞུང་གྲྭ་ཚང་ནང་ལས་བཤད་གྲྭ་འཛིན་རིམ་བཞི་པའི་སློབ་སྦྱོང་མཐར་འཁྱོལ་ཡོད་པའི་ཁར་དབྱིན་སྐད་སློབ་རིམ་བརྒྱད་པ་མཐར་འཁྱོལ་ཡོད་པའི་དགེ་སློང་ རང་སོའི་གྲྭ་ཚང་འཛིན་སྐྱོང་ལས་བརྒྱུད་དེ་འོང་དགོཔ་ཨིན།
  • སློབ་གྲྭ་ཁག་གི་ཚན་རིག་གི་ཆོས་ཚན་ནང་ལས། རྫོང་ཁ་༦༠། དབྱིན་སྐད། ཚན་རིག་ Biology། བཅས་བརྒྱ་ཆ་ ༥༠%ཐོབ་དགོ།

Diploma in Jamchub Rabjam

མཆོད་བརྗོད།

༉  རང་བཞིན་ཞི་བའི་སྐུ་དང་ཞི་བའི་གསུང་། །ཞི་བའི་ལམ་ནས་ཞི་བའི་གོ་འཕང་བརྙེས། །

ཞི་བའི་ཐུགས་ཀྱིས་འགྲོ་བ་འདྲེན་མཛད་པ། །ཞི་བདེའི་ལམ་མཁན་ཤཱཀྱའི་རྒྱལ་པོར་འདུད། །

ཅིར་ཡང་སྣང་བ་སྲིད་པའི་ཁམས་འདི་ན། །མ་དག་ལས་ཀྱིས་བསྐྱེད་པའི་འགྲོ་བ་རྣམས། །

མི་བཟོད་ནད་ཀྱིས་མནར་ལ་སྙིང་རྗེའི་ཤུགས། །ནམ་མཁའི་གློག་ལས་མྱུར་བའི་མགོན་དེས་སྐྱོངས། །

རྒྱལ་བའི་མཛད་པ་མཐའ་དང་མུ་མེད་ལས། །དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་དང་། །

ཡིད་ལས་སྐྱེས་སོགས་མ་ངེས་སྣ་ཚོགས་པའི། །སྤྲུལ་པ་ནམ་མཁའ་གང་བར་སྟོན་ལ་འདུད། །

དལ་རྟེན་མི་ཡི་ཟོལ་གྱིས་གངས་ལྗོངས་སུ། །སྲིད་པའི་རོལ་རྩེད་བློ་ལས་འདས་པའི་གར། །

བསྒྱུར་བས་སྨན་བླ་ཡོན་ཏན་མགོན་པོ་ཞེས། །མཚན་སྙན་སྲིད་རྩེར་བསྒྲེངས་དེས་བདག་ཡིད་སྐྱོངས། །

གངས་ཅན་མཁས་པའི་དབུས་ན་མཁས་པའི་སྙན་པ་ཆེ་ཆེར་བསྒྲགས། །

སྨན་གྱི་ལྗོངས་འདིར་སྨན་དཔྱད་མཛད་པའི་འགྲོ་དོན་མུ་མཐའ་མེད། །

གསོ་རིག་འཆད་ཉན་བསྟན་པ་སྤེལ་བའིགསོ་རིག་མེས་པོ་མཆོག །

ཐུབ་བསྟན་ལེགས་བློ་ལེགས་བཤད་སྨྲ་བའི་མགོན་མཆོག་བདག་ལ་དགོངས། །

སྨན་གྱི་ལྗོངས་འདིར་རང་ལུགས་སྨན་བཅོས་འདི། །དེང་རབས་སྨན་བཅོས་ལུགས་དང་ལྷན་ཅིག་ཏུ། །

སྲོལ་བཟང་མི་ནུབ་བསྐལ་པར་གནས་པའི་ཆེད། །བཏོད་མཛད་མི་དབང་གསུམ་པ་གཙུག་ན་རྒྱལ། །

གང་གི་བཀའ་རྒྱ་གསེར་གྱི་གཉའ་ཤིང་དེ། །སྤྱི་བོར་བླངས་ནས་ཕྲག་པས་འདེགས་བཟོད་པའི། །

འཚོ་བྱེད་པད་རྡོར་ཤེས་རབ་འབྱོར་ལྡན་གྱི། །བཀྲིན་ནམ་མཁའི་མཐའ་དེ་ཇི་ལྟར་གཞལ། །

སྔོན་བྱོན་མེས་པོའི་མཛད་བཟང་ཆུ་རྒྱུན་དེ། །སྨན་ལྗོངས་སྐྱེ་རྒུའི་ཕན་དང་བདེ་བའི་གཞིར། །

གནས་ཕྱིར་སྨན་པའི་ཆོས་ཚན་རྩ་གཞུང་འདི། །ཡང་ཡང་ཞུན་ཐར་དཔྱད་ནས་འདིར་འགོད་བྱ། །

ཞེས་བརྩམ་པ་མཐར་ཕྱིན་པའི་ཆེད་དུ་མཆོད་པར་བརྗོད་པ་དང་དམ་བཅའ་བའི་ཚིག་གི་མེ་ཏོག་གིས་མདུན་བསུས་ཏེ་འཇམ་རྩུབ་དཔྱད་ཀྱི་གཙུག་ལག་འོག་མའི་སློབ་ཚན་རྩ་གཞུང་འདི་ནཱ་ལས་མར་རིམ་པ་བཞིན་དུ་བཀོད་ནི་འགོ་བཙུགསཔ་ཨིན།

 

༡   སློབ་སྦྱོང་གི་གཞི་རིམ་གནས་ཚུལ།

༡.༡ སློབ་ཚོགས།   

ནང་པའི་གསོ་བ་རིག་པའི་སློབ་ཚོགས། ཐིམ་ཕུག་ཀ་ཝང་བྱང་ས།

 

༡.༢ ལས་རིམ་དང་གནང་ཆའི་མིང་།

ལས་རིམ།      འཇམ་རྩུབ་རབ་འབྱམས་པའི་སློབ་སྦྱོང་།

གནང་ཆ།      འཇམ་རྩུབ་དཔྱད་ཀྱི་གཙུག་ལག་འོག་མའི་ཤེས་ཚད།

 

༡.༣ སློབ་སྦྱོང་གི་དུས་ཡུན་དང་ཐབས་ལམ།

དུས་ཡུན་      ལོ་གསུམ།

ཐབས་ལམ། སློབ་སྟོན་གསལ་བཤད་དང་བློར་འཛིན་སྨན་བཅོས་ལག་ལེན་དེ་ལས་ལཱ་གཞི་མཉམ་སྦྲགས་ཀྱི་སློབ་སྦྱོང་ཐབས་ལམ་ཚུ་ཨིན།

 

༢ སྤྱིར་བཏང་སློབ་སྦྱོང་གི་དམིགས་ཡུལ།

སློབ་སྦྱོང་པ་ཚུ་སློབ་སྦྱོང་མཐར་འཁྱོལ་བའི་ཤུལ་ལུ་རང་ལུགས་ནང་པའི་སྨན་བཅོས་ཀྱི་ཞབས་ཏོག་འདི་ཕྱི་ཚན་རིག་གི་སྨན་བཅོས་དང་གཅིག་ཁར་མཉམ་འབྲེལ་དང་གཅིག་བསྒྲིལ་ཐོག་ལས་རང་ལུགས་སྔར་སྲོལ་བཟང་པོའི་གཞིར་བཟུང་ཐོག་ མི་སྡེ་ཡོངས་ལུ་སྤུས་ཚད་དང་ལྡནམ་སྦེ་ འཇམ་རྩུབ་དཔྱད་ཀྱི་ཞབས་ཏོག་ཞུ་ནི་འདི་གལ་ཆེ་བའི་དམིགས་ཡུལ་གཙོ་བོ་ཅིག་ཨིན།

 

༣  ཁྱད་པར་གྱི་དམིགས་ཡུལ།  

  • ཀུན་སློང་དང་ཀུན་སྤྱོད་བཟང་པོའི་རྣམ་གཞག་དང་། གོངམ་བཀུར་ལུགས་དང་ འོག༌མ་སྐྱོང་ལུགས་ རང་མཉམ་བརྩེ་མཐུན་ ནད་པར་བྱམས་བརྩེ་འབད་ཐངས་ཤེས་ཚུགས།
  • སྨན་གྱིས་ཕན་སྐྱེད་མ་བྱུང་མི་ཚུ་ལུ་འཇམ་རྩུབ་དཔྱད་རིགས་ལག་ལེན་འཐབ་ཚུགས།
  • ནད་གཞི་དང་བསྟུན་ཟས་སྤྱོད་སྤང་བླང་དང་ནད་རིགས་སྔོན་འགོག་འབད༌ཐངས༌ཀྱི་གོ་བརྡ་སྤྲོད་ཚུགས།
  • སྨན་བཅོས་བཀོད་འཛིན་དང་འཁྲིལ་སྨན་གྱི་བཟི་ཆེ་ཆུང་དང་བསིལ་དྲོད་ཀྱི་དབྱེ་བ་ཐུན་ཚད་ཚུ་མ་ནོར་བར་བསླབ་སྟོན་གྱི་ཐོག་ལས་སྤྲོད་ཚུགས།

༤ འཇམ་རྩུབ་དཔྱད་ཀྱི་གཙུག་ལག་འོག་མའི་སློབ་ཚན་ནང་དོན།

༥   འཛུལ་ཞུགས་ཁྱད་ཚད།

  • རིག་གཞུང་འབྲིང་རིམ་གོང་མའི་ནང་ལས་སློབ་རིམ་༡༢པ་རྩ་བའི་ཆོས་ཚན་(སྤྱོད་འཇུག་སུམ་རྟགས་སྙན་ངག་རྫོང་ ཁ)ཚུ་ནང་ཉུང་ཤོས་བརྒྱ་ཆ་༥༥དང་ དབྱིན་སྐད་ནང་ཉུང་ཤོས་བརྒྱ་ཆ་༤༥ཐོབ་སྟེ་མཐར་འཁྱོལ་བྱུང་དགོཔ་ཨིན།
  • གཞུང་གྲྭ་ཚང་ནང་ལས་བཤད་གྲྭ་འཛིན་རིམ་བཞི་པའི་སློབ་སྦྱོང་མཐར་འཁྱོལ་ཡོད་པའི་ཁར་དབྱིན་སྐད་སློབ་རིམ་བརྒྱད་པ་མཐར་འཁྱོལ་ཡོད་པའི་དགེ་སློང་ རང་སོའི་གྲྭ་ཚང་འཛིན་སྐྱོང་ལས་བརྒྱུད་དེ་འོང་དགོཔ་ཨིན།
  • སློབ་གྲྭ་ཁག་གི་ཚན་རིག་གི་ཆོས་ཚན་ནང་ལས། རྫོང་ཁ་༦༠། དབྱིན་སྐད། ཚན་རིག་ Biology། བཅས་བརྒྱ་ཆ་ ༥༠%ཐོབ་དགོ།

Diploma in Menchoe Rabjam

མཆོད་བརྗོད།

༉  རང་བཞིན་ཞི་བའི་སྐུ་དང་ཞི་བའི་གསུང་། །ཞི་བའི་ལམ་ནས་ཞི་བའི་གོ་འཕང་བརྙེས། །

ཞི་བའི་ཐུགས་ཀྱིས་འགྲོ་བ་འདྲེན་མཛད་པ། །ཞི་བདེའི་ལམ་མཁན་ཤཱཀྱའི་རྒྱལ་པོར་འདུད། །

ཅིར་ཡང་སྣང་བ་སྲིད་པའི་ཁམས་འདི་ན། །མ་དག་ལས་ཀྱིས་བསྐྱེད་པའི་འགྲོ་བ་རྣམས། །

མི་བཟོད་ནད་ཀྱིས་མནར་ལ་སྙིང་རྗེའི་ཤུགས། །ནམ་མཁའི་གློག་ལས་མྱུར་བའི་མགོན་དེས་སྐྱོངས། །

རྒྱལ་བའི་མཛད་པ་མཐའ་དང་མུ་མེད་ལས། །དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་དང་། །

ཡིད་ལས་སྐྱེས་སོགས་མ་ངེས་སྣ་ཚོགས་པའི། །སྤྲུལ་པ་ནམ་མཁའ་གང་བར་སྟོན་ལ་འདུད། །

དལ་རྟེན་མི་ཡི་ཟོལ་གྱིས་གངས་ལྗོངས་སུ། །སྲིད་པའི་རོལ་རྩེད་བློ་ལས་འདས་པའི་གར། །

བསྒྱུར་བས་སྨན་བླ་ཡོན་ཏན་མགོན་པོ་ཞེས། །མཚན་སྙན་སྲིད་རྩེར་བསྒྲེངས་དེས་བདག་ཡིད་སྐྱོངས། །

གངས་ཅན་མཁས་པའི་དབུས་ན་མཁས་པའི་སྙན་པ་ཆེ་ཆེར་བསྒྲགས། །

སྨན་གྱི་ལྗོངས་འདིར་སྨན་དཔྱད་མཛད་པའི་འགྲོ་དོན་མུ་མཐའ་མེད། །

གསོ་རིག་འཆད་ཉན་བསྟན་པ་སྤེལ་བའིགསོ་རིག་མེས་པོ་མཆོག །

ཐུབ་བསྟན་ལེགས་བློ་ལེགས་བཤད་སྨྲ་བའི་མགོན་མཆོག་བདག་ལ་དགོངས། །

སྨན་གྱི་ལྗོངས་འདིར་རང་ལུགས་སྨན་བཅོས་འདི། །དེང་རབས་སྨན་བཅོས་ལུགས་དང་ལྷན་ཅིག་ཏུ། །

སྲོལ་བཟང་མི་ནུབ་བསྐལ་པར་གནས་པའི་ཆེད། །བཏོད་མཛད་མི་དབང་གསུམ་པ་གཙུག་ན་རྒྱལ། །

གང་གི་བཀའ་རྒྱ་གསེར་གྱི་གཉའ་ཤིང་དེ། །སྤྱི་བོར་བླངས་ནས་ཕྲག་པས་འདེགས་བཟོད་པའི། །

འཚོ་བྱེད་པད་རྡོར་ཤེས་རབ་འབྱོར་ལྡན་གྱི། །བཀྲིན་ནམ་མཁའི་མཐའ་དེ་ཇི་ལྟར་གཞལ། །

སྔོན་བྱོན་མེས་པོའི་མཛད་བཟང་ཆུ་རྒྱུན་དེ། །སྨན་ལྗོངས་སྐྱེ་རྒུའི་ཕན་དང་བདེ་བའི་གཞིར། །

གནས་ཕྱིར་སྨན་པའི་ཆོས་ཚན་རྩ་གཞུང་འདི། །ཡང་ཡང་ཞུན་ཐར་དཔྱད་ནས་འདིར་འགོད་བྱ། །

ཞེས་བརྩམ་པ་མཐར་ཕྱིན་པའི་ཆེད་དུ་མཆོད་པར་བརྗོད་པ་དང་དམ་བཅའ་བའི་ཚིག་གི་མེ་ཏོག་གིས་མདུན་བསུས་ཏེ་སྨན་བཅོས་རིག་པའི་གཙུག་ལག་འོག་མའི་སློབ་ཚན་རྩ་གཞུང་འདི་ནཱ་ལས་མར་རིམ་པ་བཞིན་དུ་བཀོད་ནི་འགོ་བཙུགསཔ་ཨིན།

 

༡   སློབ་སྦྱོང་གི་གཞི་རིམ་གནས་ཚུལ།

༡.༡ སློབ་ཚོགས།   

ནང་པའི་གསོ་བ་རིག་པའི་སློབ་ཚོགས། ཐིམ་ཕུག་ཀ་ཝང་བྱང་ས།

 

༡.༢ ལས་རིམ་དང་གནང་ཆའི་མིང་།

ལས་རིམ།      སྨན་བཅོས་རབ་འབྱམས་པའི་སློབ་སྦྱོང་།

གནང་ཆ།      སྨན་བཅོས་རིག་པའི་གཙུག་ལག་འོག་མའི་ལག་ཁྱེར།

 

༡.༣ སློབ་སྦྱོང་གི་དུས་ཡུན་དང་ཐབས་ལམ།

དུས་ཡུན་      ལོ་གསུམ།

ཐབས་ལམ། སློབ་སྟོན་གསལ་བཤད་དང་བློར་འཛིན་སྨན་བཅོས་ལག་ལེན་དེ་ལས་ལཱ་གཞི་མཉམ་སྦྲགས་ཀྱི་སློབ་སྦྱོང་ཐབས་ལམ་ཚུ་ཨིན།

 

༢    སྤྱིར་བཏང་སློབ་སྦྱོང་གི་དམིགས་ཡུལ།

སློབ་སྦྱོང་པ་ཚུ་སློབ་སྦྱོང་མཐར་འཁྱོལ་བའི་ཤུལ་ལུ་རང་ལུགས་ནང་པའི་སྨན་བཅོས་ཀྱི་ཞབས་ཏོག་འདི་ཕྱི་ཚན་རིག་གི་སྨན་བཅོས་དང་གཅིག་ཁར་མཉམ་འབྲེལ་དང་གཅིག་བསྒྲིལ་ཐོག་ལས་རང་ལུགས་སྔར་སྲོལ་བཟང་པོའི་གཞིར་བཟུང་ཐོག་ མི་སྡེ་ཡོངས་ལུ་སྤུས་ཚད་དང་ལྡནམ་སྦེ་ སྨན་བཅོས་ཀྱི་ཞབས་ཏོག་ཞུ་ནི་འདི་གལ་ཆེ་བའི་དམིགས་ཡུལ་གཙོ་བོ་ཅིག་ཨིན།

 

༣  ཁྱད་པར་གྱི་དམིགས་ཡུལ།  

  • ཀུན་སློང་དང་ཀུན་སྤྱོད་བཟང་པོའི་རྣམ་གཞག་དང་། གོངམ་བཀུར་ལུགས་དང་ འོག༌མ་སྐྱོང་ལུགས་ རང་མཉམ་བརྩེ་མཐུན་ ནད་པར་བྱམས་བརྩེ་འབད་ཐངས་ཤེས་ཚུགས།
  • ནད་གཞི་དང་བསྟུན་ཟས་སྤྱོད་སྤང་བླང་དང་ནད་རིགས་སྔོན་འགོག་འབད༌ཐངས༌ཀྱི་གོ་བརྡ་སྤྲོད་ཚུགས།
  • ནད་ཀྱི་སློང་རྒྱུ་དང་ མཚན་ཉིད་རྟགས་ ཕན་གནོད་གོམས་པའི་ཐོག་ལས་ནད་རིགས་སྤྱི་དང་བྱེ་བྲག་སོ་སོའི་བརྟག་ཐབས་མན་ངག་དང་བཅས་པའི་ནད་ངོས་འཛིན་འབད་ཚུགསཔ་ཨིན།
  • ནད་དང་གཉེན་པོ་སྤྲོད་པའི་གསོ་ཚུལ་དང་གསོ་ཐབས་ལག་ལེན་མན་ངག་དང་བཅས་པའི་ཐོག་ལས་ནད་རིགས་ཀྱི་སྨན་བཅོས་འབད་ཚུགསཔ་ཨིན།
  • ནད་པ་གསོ་བའི་ཐབས་བསམ་པ་བྱང་ཆུབ་སེམས་དཔའི་ཀུན་སློང་དང་ལྡན་པའི་སྒོ་ལས་ཀུན་སྤྱོད་བཟང་པོ་སྨན་པའི་དམ་ཚིག་ལས་མི་འགལ་བར་ནདཔ་ཀུན་ལུ་ཆགས་སྡང་ཕྱོགས་རིས་མེད་པའི་ཞབས་ཏོག་སྤྲོད་ཚུགསཔ་ཨིན།

༤ སྨན་བཅོས་རིག་པའི་གཙུག་ལག་འོག་མའི་སློབ་ཚན་ནང་དོན།

༥   འཛུལ་ཞུགས་ཁྱད་ཚད།

  • རིག་གཞུང་འབྲིང་རིམ་གོང་མའི་ནང་ལས་སློབ་རིམ་༡༢པ་རྩ་བའི་ཆོས་ཚན་(སྤྱོད་འཇུག་སུམ་རྟགས་སྙན་ངག་རྫོང་ཁ)ཚུ་ནང་ཉུང་ཤོས་བརྒྱ་ཆ་༥༥དང་ དབྱིན་སྐད་ནང་ཉུང་ཤོས་བརྒྱ་ཆ་༤༥ཐོབ་སྟེ་མཐར་འཁྱོལ་བྱུང་དགོཔ་ཨིན།
  • གཞུང་གྲྭ་ཚང་ནང་ལས་བཤད་གྲྭ་འཛིན་རིམ་བཞི་པའི་སློབ་སྦྱོང་མཐར་འཁྱོལ་ཡོད་པའི་ཁར་དབྱིན་སྐད་སློབ་རིམ་བརྒྱད་པ་མཐར་འཁྱོལ་ཡོད་པའི་དགེ་སློང་ རང་སོའི་གྲྭ་ཚང་འཛིན་སྐྱོང་ལས་བརྒྱུད་དེ་འོང་དགོཔ་ཨིན།
  • སློབ་གྲྭ་ཁག་གི་ཚན་རིག་གི་ཆོས་ཚན་ནང་ལས། རྫོང་ཁ་༦༠། དབྱིན་སྐད། ཚན་རིག་ Biology བཅས་བརྒྱ་ཆ་ ༥༠%ཐོབ་དགོ།