MD in Sorig Jongjed( Eliminative Therapy)

རྒྱལ་ཡོངས་ནང་པའི་གསོ་རིག་སྤེལ་ཁང༌།

གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ།

སྦྱོང་བྱེད་ལས་ལྔའི་མཁས་མཆོག་རྩ་གཞུང་།

༡) རྒྱབ་ཁུངས།

༉    རང་ལུགས་ནང་པའི་སྨན་ཁང་འདི་རང་ལུགས་ཀྱི་ཁྱད་ཆོས་བཟང་པོ་གཅེས་སྐྱོང་དང་མི་ཉམས་གོང་འཕེལ་གནང་ཐབས་ལུ་སྤྱི་ལོ་༡༩༦༧ ཟླཝ་༡༡ པའི་ནང་མཁྱེན་རྒྱ་བླ་ན་མེད་པའི་ཞིང་གཤེགས་དམ་པ་མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་བཀའ་རྒྱ་བཞིན་སྤྱི་ལོ་༡༩༦༨ ཟླཝ་༦ པའི་ཚེས་༢༨ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིམ་དང་འབྲེལ་ས་གནས་བདེ་ཆེན་ཆོས་གླིང་ལུ་སྨན་ཁང་ཆུང་བ་ཅིག་གཞི་བཙུགས་གནང་ནུག སྤྱི་ལོ་༡༩༧༡ ལུ་ལག་ཐོག་ལག་ལེན་སྦྱོང་བརྡར་དང་འབྲེལ་སྨན་པ་ལོ་ངོ་གསུམ་གྱི་གཙུག་ལག་འོག་མའི་སྦྱོང་བརྡར་འགོ་བཙུགས་ཡོདཔ་དང་། སྤྱི་ལོ་༡༩༧༨ ལུ་དྲུང་འཚོ་ལོ་ལྔའི་གཙུག་ལག་སྦྱོང་བརྡར་འགོ་བཙུགས་གནང་ནུག དེ་སྦེ་སློབ་སྦྱོང་གཞི་བཙུགས་འབད་དེ་ལོ་ངོ་བཅུ་ཕྲག་༤ལྷག་སོང་ཡོད་རུང་མཐོ་རིམ་གོང་མ་དང་མཁས་མཆོག་གི་སྦྱོང་བརྡར་ཅིག་སྤྲོད་མ་ཚུགསཔ་ལས་བརྟེན་ཞལ་འཛོམས་དང་གྲོས་བསྡུར་ལེ་ཤཱ་ཅིག་ནང་རང་གྲོས་འཆར་དང་ཞུ་བ་ཚུ་ཕུལ་ཡོད་རུང་ཕྱིའི་མཐུན་རྐྱེན་དང་ནང་གི་མི་སྟོབས་ཀྱི་དཀའ་ངལ་ལས་བརྟེན་ཏེ་ གཞི་བཙུགས་འབད་མ་ཚུགས་པར་ལོ་ངོ་ལེ་ཤཱ་ཅིག་གི་རིང་ལུ་མཁོ་འདོད་ཀྱི་གྲོས་འཆར་དང་ཞུ་བ་ཚུ་ཤོག་གུའི་ནང་རང་ལུས་སོང་ནུག རྒྱུ་མཚན་དེ་ལས་བརྟེན་རྒྱལ་ཁབ་ནང་འཁོད་མཐོ་རིམ་གོང་མ་དང་མཁས་མཆོག་གི་སྦྱོང་བརྡར་གྱི་གོ་སྐབས་ཅིག་བཟོ་ཚུགས་པ་ཅིན་རྒྱལ་ཁབ་ཀྱི་རང་མགོ་རང་འདྲོངས་ལུ་ཕན་ཐོགས་འབྱུང་ནི་ཨིནམ་མ་ཚད་དྲུང་འཚོ་མང་ཤོས་ཅིག་གིས་ར་གོ་སྐབས་འདི་ཐོབ་ཚུགས་པའི་ཁེ་ཕན་སྦོམ་སྦེ་ར་ཡོདཔ་ཨིན། དེ་འབདཝ་ལས་བརྟེན་ཏེ་རྒྱལ་ཡོངས་ནང་པའི་སྨན་ཁང་ལྟེ་བ་གིས་གསོ་བའི་ལྷན་ཁག་ལུ་དགོས༌མཁོའི་གྲོས་འདེབས་ཕུལ་བ་བཞིན་གསོ་བའི་ལྷན་ཁག་ལས་ཡང་དེ་གི་འོས་འབབ་བཟོ་དགོ་པའི་བཀོད་རྒྱ་རྒྱལ་ཡོངས་གསོ་རིག་སྤེལ་ཁང་ལུ་གནང་ཡོདཔ་མ་ཚད་འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ཆིངས་ཡིག་ནང་ལུ་ཡང་སྤྱི་ལོ་༢༠༡༤གི་ནང་འཁོད་ལུ་ནང་པའི་གསོ་རིག་སྤེལ་ཁང་གིས་མཐོ་རིམ་གོང་མའི་སྦྱོང་བརྡར་སྤྲོད་ནིའི་མོས་མཐུན་གྱི་མཚན་རྟགས་བཀོད་མི་ཚུ་འགྲུབ༌ཐབས་ལུ་སྤྱི་ཚེས་༠༧/༡༢/༢༠༡༢ ལུ་གནང་མི་སློབ་རིག་བཀོད་ཚོགས་ཞལ་འཛོམས་ཐེངས་༥པའི་ནང་གནད་དོན་འདི་ལུ་གྲོས་བསྡུར་ཞིབ་ཞིབ་སྦེ་གནང་སྟེ་རྒྱབ་སྣོན་ཆ་འཇོག་བཏོན་མི་དང་འཁྲིལ་ཏེ་དྲུང་འཚོའི་མཐོ་རིམ་གོང་མའི་སྦྱོང་བརྡར་རྩ་གཞུང་བཟོ་ནི་འགོ་བཙུགས་ཏེ་ལས་བྱེད་ཚོགས་ཆུང་གིས་འགོ་དང་པ་སྤྱི་ཚེས་༡༨/༡/༢༠༡༣ ལུ་ས་གནས་ཕུན་ཚོགས་གླིང་ལུ་སྦེ་གྲོས་བསྡུར་གནང་ཡོདཔ་དང་། དེ་གི་ཤུལ་ལས་སྤྱི་ཚེས་༡/༣/༡༣ལས་༣/༣/༡༣ ཚུན་སྤ་གྲོ་ཨོ་རྒྱན་ཕན་བདེ་གླིང་བསྟི་གནས་ནང་ལུ་ཉིན་གྲངས་གསུམ་གྱི་རིང་སྨན་བཅོས་མཁས་མཆོག་གི་ཆོས་ཚན་ཟིན་བྲིས་བཟོ་ཡོདཔ་མ་ཚད་གསུམ་གས་མ་ནོན་དཔྱད་ཀྱིས་ནད་ཡུལ་དབྱུང་། ཞེས་སྨན་གྱིས་བཅོས་རྡུགས་པའི་ནད་གཞི་མང་ཤོས་ཅིག་གཏར་སྲེག་དབུག་གསུམ་གྱི་དཔྱད་ཀྱི་ཐོག་ལས་ནད་དངོས་སུ་ཕྱིར་བཏོན་གཏང་ནི་འདི་ཨིནམ་སྦེ་གསུངས་པའི་དགོངས་པ་དང་མཐུནམ་སྦེ་སྤུས་ཚད་དང་ལྡན་པའི་ནང་སྨན་ཞབསཏོག་སྤྲོད་ཐབས་ལུ་དཔྱད་བཅོས་མཁས་མཆོག་གི་ཆོས་ཚན་ཟིན་བྲིས་བཅས་བཏབ་ཡོད་མི་དེ་ཡང་ནང་སྨན་ཞབས་ཏོག་གི་སྤུས་ཚད་དང་ཤེས་ཡོན་གོང་འཕེལ་གཏང་ནིའི་འགན་ཁུར་འདི་རྒྱལ་ཡོངས་གསོ་རིག་སྤེལ་ཁང་ལུ་ཕོག་སྟེ་ཡོདཔ་ལས་བརྟེན་ཏེ་ཨིན་ཟེར་ཞུ་ནི། ཨིན་རུང་སློབ་སྟོན་པ་དང་སློབ་སྦྱོང་གི་མཐུན་རྐྱེན་ནདཔ་བཞག་ཁང་ལ་སོགས་པའི་དགོས་མཁོ་ཚུ་མེདཔ་ལས་བརྟེན་མཁས་མཆོག་གི་སྦྱོང་བརྡར་འགོ་བཙུགས་མ་ཚུགས་རུང་གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་གིས་འགོ་འདྲེན་ཐོག་འབད་དེ་སྤྱི་ཚེས་༡༩/༠༦/༢༠༡༦ ལུ་ས་གནས་སྤ་རོ་ལུ་སྦེ་ཧེ་མ་ལས་བཟོ་ཡོད་པའི་དཔྱད་བཅོས་མཁས་མཆོག་དང་སྨན་བཅོས་མཁས་མཆོག་གི་རྩ་གཞུང་གཉིས་ཅིག་ཁར་བསྡབ་ཐོག་སྤྱི་ལོ་༢༠༡༦ སྤྱི་ཟླ་༧ པ་ནང་ལས་་ཞིབ་འཚོལ་གཙོ་སྟོན་ཐོག་ལས་གསོ་རིག་མཐོ་རིམ་གོངམའི་སློབ་སྦྱོང་འགོ་བཙུགས་ཡོདཔ་ཨིན། དེ་བཟུམ་སྦེ་སྤྱི་ལོ་༢༠༡༩ སྤྱི་ཟླ་བདུན་པ་ལས་སྦྱོང་བྱེད་ལས་ལྔའི་མཁས་མཆོག་དང་རྩུབ་དཔྱད་མཁས་མཆོག་གི་སྦྱོང་བརྡར་འགོ་བཙུག་ནིའི་དོན་ལུ་ སྤྱི་ཚེས་༡༦-༡༧/༠༢/༢༠༡༩ ཉིན་གྲངས་གཉིས་ཀྱི་རིང་ས་གནས་གསར་སྦིས་ཐང་ལུ་སྦེ་ནང་སྨན་ལྟེ་བ་དང་སྨན་ལྗོངས་གསོ་རིག་བཟོ་བསྐྲུན་ཁང་། འབྲུག་གསོ་བ་དང་འཕྲོད་བསྟེན་ཚོགས་སྡེ། གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་ཚུ་ལས་འཐུས་མི་ཚུ་དང་། ནང་སྨན་གསོ་རིག་སློབ་ཚོགས་ཀྱི་ལེགས་བཤད་པ་ཚུ་ག་ར་འཛོམས་ཐོག་ཧེ་མ་ལས་བཟོ་ཡོད་པའི་མཁས་མཆོག་གི་རྩ་གཞུང་དེ་གུ་གཞི་བཞག་སྟེ་ནང་དོན་ས་བཅད་ཀྱི་དོན་ཚན་ཚུ་གཏན་བེབས་འབད་ཡོདཔ་མ་ཚད་སྤྱི་ཚེས་༠༨-༡༠/༠༣/༢༠༡༩ ཉིན་གྲངས་གསུམ་གྱི་རིང་ནང་སྨན་ལྟེ་བའི་འཐུས་མི་དང་སློབ་ཚོགས་ཀྱི་ལེགས་བཤདཔ་ཚུ་འཛོམས་ཐོག་རྩ་གཞུང་བཟོ་དགོཔ་ཡོད་མི་ཚུ་བཟོ་སྟེ་ཞུན་དག་འབད་ཡོད་མི་དེ་སྤྱི་ཚེས་༢༨/༠༣/༢༠༡༩ལུ་ནང་སྨན་གསོ་རིག་སློབ་ཚོགས་ཀྱི་སློབ་རིག་བཀོད་ཚོགས་ལས་ཆ་འཇོག་མཛད་དེ་ གཙུག་ལག་སློབ་སྡེའི་གཙུག་ལག་སློབ་རིག་བཀོད་ཚོགས་ཚུ་ལས་གནང་བ་ལེན་ཐོག་གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་ཆ་འཇོག་མཛད་ཡོདཔ་ཨིན།

༢)    གསོ་བ་རིག་པའི་སྦྱོང་བྱེད་མཁས་མཆོག་གི་སྦྱོང་བརྡར་ལས་རིམ་གྱི་འགྲེལ་བཤད།

སློབ་ཚོགས་ཀྱི་མིང་།                                   ནང་པའི་གསོ་བ་རིག་པའི་སློབ་ཚོགས།

སྦྱོང་བརྡར་གྱི་མིང་།                                    སྦྱོང་བྱེད་མཁས་མཆོག་སྦྱོང་བརྡར།

སྦྱོང་བརྡར་དུས་ཡུན་དང་ ལམ་ལུགས།               དུས་ཡུན་ལོ་ངོ་གསུམ།(དུས་རྒྱུན)

སློབ་སྦྱོང་གི་རྣམ་པ།                                   དཔེ་ཁྲིད་ལག་ལེན་དང་ཞིབ་འཚོལ་ཟུང་འབྲེལ།

ས་གནས།                                             ཐིམ་ཕུག་ཀ་ཝ་སྦྱང་ས།

ཆ་འཇོག་མཛད་མི།                                   གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ།

༣)   སྤྱིར་བཏང་གི་དམིགས་ཡུལ།

སྦྱོང་བྱེད་ལུ་མཁས་མཆོག་སྦྱངས་ཏེ་ཞིབ་འཚོལ་དང་ལག་ལེན་དངོས་བསྟར་ཐོག་ལས་སྐྱེ་འགྲོ་སྤྱིའི་ཕན་བདེ་དང་འགྲོ་བ་མིའི་འཕྲོད་བསྟེན་གོང་འཕེལ་གཏང་ཐབས་ཀྱི་དོན་ལུ་ཨིན།

༤)   བྱེ་བྲག་གི་དམིགས་ཡུལ།

  • སྐྱེ་འགྲོ་སྤྱིའི་ཕན་བདེ་བསྒྲུབ་ནི་དང་བྱེ་བྲག་འགྲོ་བ་མིའི་འཕྲོད་བསྟེན་གོང་འཕེལ་གཏང་ཐབས་ཀྱི་དོན་ལུ་དམིགས་བསལ་སྦྱོང་བྱེད་ནང་ལུ་མཁས་མཆོག་སྦྱང་ནི།
  • འབྲུག་རང་ལུགས་ནང་པའི་སྨན་གྱི་ཞབས་ཏོག་སྦྱོང་བྱེད་ལས་ལྔ་འདི་ཞིབ་འཚོལ་ཐོག་ལས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏང་ཐབས་ཀྱི་དོན་ལུ།
  • སྨན་བཅོས་ཀྱི་ཐབས་ལམ་གཞན་གྱིས་བརྡུགས་པའི་ནད་རིགས་ཚུ་ལུ་སྦྱོང་བྱེད་ཀྱི་ཐོག་ལས་བཅོས་ཐབས་འབད་ཚུགས་ནི།
  • ནང་སྨན་ལྟེ་བ་དང་རྫོང་ཁག་དྲུང་ཁག་རྒེད་འོག་ཚུ་ལས་ནདཔ་མཐོ་གཏུགས་འབད་མི་ཚུ་གི་དོན་ལུ་སྦྱོང་བྱེད་ལས་ལྔ་ནང་ལུ་མཁས་རིག་ལྡན་པའི་མི་ངོམ་དང་སྦྱོང་བྱེད་ཀྱི་ཞབས་ཏོག་སྤྲོད་ཚུགས་ནི།

༥ )   ལག་འཁྱེར་གྱི་མིང་།

མཁས་མཆོག་དྲུང་འཚོ་འདི་གསོ་བ་རིག་པའི་གཞུང་ལུགས་ལུ་རིགས་གཅིག་རྐང་འཛིན་འབད་དེ་དམིགས་བསལ་བསླབ་པའི་

གཞི་དེ་ལུ་མཁས་པའི་མི་ངོ་ལུ་གནང་ནིའི་ཚད་འཛིན་ལག་འཁྱེར་ཅིག་ཨིནམ་ལས་དེ་ལུ་དམིགས་བསལ་ (སྦྱོང་བྱེད་མཁས་མཆོག་) ཟེར་བརྗོད་དགོ།

༦)  རྩ་གཞུང་དང་ཟུར་བལྟའི་སློབ་དེབ།

གོང་གསལ་སློབ་ཚན་དང་འབྲེལ་ཡོད་རྒྱུད་བཞི་སོགས་གསོ་བ་རིག་པའི་གཞུང་དང་། དེང་དུས་དང་སྲོལ་རྒྱུན་གྱི་སྨན་གཞན་མཐའ་དག་ལུ་དཔྱད་ཞིབ་བལྟ་བསྡུར་འབད་དགོ།

༧)    སློབ་དུས་འགོ་འཛུགས།

ལོ་ལྟར་སློབ་དུས་འགོ་བཙུགས་འདི་སྤྱི་ཟླ་༧པའི་ནང་འགོ་བཙུག་ནི་ཨིནམ་དང་། གལ་སྲིད་ཐབས་མེད་ཀྱིས་ཕར་འགྱངས་འབད་དགོཔ་ཐོན་པ་ཅིན་ཟླཝ་གཅིག་ལས་ལྷག་སྟེ་འབད་ནི་མེད། སློབ་དུས་འགོ་བཙུགས་ཞིནམ་ལས་ལོ་ངོ་༣་གྱི་རིང་དུས་རྒྱུན་སློབ་སྦྱོང་འབད་དགོ།

༨)   ངོས༌འཛིན༌ལག་ཁྱེར།

ལོ་ངོ་༣གྱི་རིང་གསོ་བ་རིག་པའི་སྦྱོང་བྱེད་ནང་ལུ་སློབ་སྦྱོང་འབད་དེ་མཐར་འཁྱོལ་ཞིནམ་ལས་ གསོ་བ་རིག་པའི་སྦྱོང་བྱེད་མཁས་མཆོག་གི་ལག་ཁྱེར་འདི༌གེ༌སར༌རྒྱལ༌པོ༌གསོ༌རིག༌གཙུག༌ལག༌སློབ༌སྡེ༌གིས༌གནང༌ནི་ཨིན།

༩)   སྦྱོང་བརྡར་གྱི་རྒྱབ་ཁུངས།

སྨན་ལྗོངས་འབྲུག་གི་བཀྲིན་ཅན་གྱི་བདག་ཉིད་མི་དབང་ཞིང་གཤེགས་གསུམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་བཀའ་རྒྱ་བཞིན་ རང་ལུགས་སྔར་སྲོལ་སྨན་བཅོས་ལམ་ལུགས་གཅེས་སྐྱོང་དང་ གོང་འཕེལ། འབྲུག་གི་མི་སེར་ཡོངས་ལུ་ཕྱི་ནང་ཟུང་འབྲེལ་གྱི་སྨན་བཅོས་ཞབས་ཏོག་སྤྲོད་ཐབས་ལུ་ སྤྱི་ལོ་༡༩༦༨ལུ་ནང་པའི་སྨན་ཁང་འདི་འགོ་དང་པ་ས་གནས་བདེ་ཆེན་ཆོས་གླིང་ལུ་གཞུང་འབྲེལ་ཐོག་ལས་འགོ་བཙུགས་གནང་ཞིནམ་ལས་ཚུར་ ནང་པའི་དྲུང་འཚོ་དང་སྨན་པ་ཚུ་གིས་ལོ་ངོ་མང་རབས་ཅིག་གི་རིང་ལུ་རྒྱལ་ཁབ་མཐའ་དབུས་མེད་པའི་སྨན་ཁང་ཚུ་ནང་གཞུང་གི་སྲིད་བྱུས་དང་ལམ་སྟོན་དང་ ལྷག་པར་དུ་རྩ་ཁྲིམས་ཆེན་མོའི་དགོངས་དོན་བཞིན་སྨན་བཅོས་ཞབས་ཏོག་ཚུ་དེང་རབས་ཚན་རིག་སྨན་བཅོས་དང་མཉམ་འབྲེལ་གྱི་ཐོག་ལས་ཕྱག་ཞུ་བཞིན་དུ་ཡོད་རུང་ དྲུང་འཚོའི་མཐོ༌རིམ༌གོང༌མའི༌སློབ་སྦྱོང་སྦྱང་ནིའི་གོ་སྐབས་རྒྱ་གར་རྒྱལ་ཁབ་དང་ རྒྱ་ནག་རྒྱལ་ཁབ་ཚུ་ནང་འཚོལ་ཡོད་རུང་ རྩ་ལས་གོ་སྐབས་མ་ཐོབ་པར་དྲུང་འཚོ་ལ་ལུ་ཅིག་མཐོ་རིམ་གོང་མའི་སློབ་སྦྱོང་སྦྱང་ནིའི་གོ་སྐབས་མ་ཐོབ་པ་ར་སྒྲིག་གཡོག་གི་ལོ་ཚད་ཚང་སོང་ཡི། ཨིན་རུང་ གཞུང་ཞབས་ལས་ནང་པའི་དྲུང་འཚོ་གི་དོན་ལུ་གོ་སྐབས་འཚོལཝ་འཚོལ་སར་སྡོད་ཡོདཔ་ལས་མཐའ་མཇུག་ལུ་སོག་པོའི་རྒྱལ་ཁབ་ནང་མཐོ་རིམ་གོང་མའི་མཁས་མཆོག་སྦྱང་ནིའི་གོ་སྐབས་ཡོདཔ་གཟིགས་ཏེ་ འབྲེལ་མཐུད་མཛད་དེ་འགོ་དང་པ་སྤྱི་ལོ་༢༠༠༧ ལུ་མཐོ་རིམ་གོང་མའི་དོན་ལུ་སོག་པོ་གསོ་བའི་ཚན་རིག་གཙུག་ལག་སློབ་སྡེ་ནང་ལུ་གདམ་འཐུ་འབད་དེ་གཏང་ནི་འགོ་བཙུགས་ཅི། ཨིན་རུང་ རྒྱལ་ཁབ་གཞན་ཁར་གཏང་ནི་འདི་གཞུང་ཞབས་ལུ་ཟད་འགྲོ་ལྕི་བའི་ཁར་ ཁ་སྐད་ཀྱི་དཀའ་ངལ་དང་། དྲུང་འཚོ་ལེ་ཤཱ་སྦེ་བཏང་མ་ཚུགསཔ་ལ་སོགས་པའི་དཀའ་ངལ་དང་གདོང་ལེན་ལེ་ཤཱ་ཡོདཔ་མ་ཚད་ནང་སྨན་ཞབས་ཏོག་ནང་ལུ་ཡང་སྦྱོང་བྱེད་ལས་ལྔ་དང་རྩུབ་དཔྱད་གཏར་འབད་མི་གྱངས་ཁ་ཉུང་སུ་ཅིག་ལས་མེདཔ་ལས་ ནཱ་ལས་ཕར་རང་ལུགས་གསོ་བ་རིག་པའི་ནང་ལུ་མཁས་མཆོག་གི་སྦྱོང་བརྡར་འདི་ རང་གི་རྒྱལ་ཁབ་ནང་ར་གཞི་བཙུགས་འབད་ཚུགས་པ་ཅིན་ ནང་སྨན་གསོ་བའི་ཞབས་ཏོག་གི་གནས་ཚད་གོང་འཕེལ་གཏང་ཚུགས་ནི་ཨིནམ་མ་ཚད་རྒྱལ་ཁབ་གཞན་ལས་ཡང་སློབ་སྦྱོང་འབད་བར་འོང་ནིའི་གོ་སྐབས་དང་ རང་འཚོ་རང་ལྡང་ལུ་ཡང་ཕན་ཐོགས་འབྱུང་ཚུགས་ནི་ཨིན།

༡༠)  སྦྱོང་བརྡར་དགོ་པའི་གནད་དོན།

ང་བཅས་རའི་ནང་པའི་དྲུང་འཚོ་ཚུ་ཁྱད་རིག་གཞན་བཟུམ་སྦེ་ཕྱིའི་རྒྱལ་ཁབ་ཚུ་ནང་འགྱོ་ནིའི་གོ་སྐབས་མེད་ནི་དེ་གིས་ མཁས་མཆོག་དང་མཐོ་རིམ་གོང་མའི་སྦྱོང་བརྡར་འདི་ནང་པའི་གསོ་རིག་སློབ་ཚོགས་ནང་ར་གཞི་བཙུགས་འབད་དགོ་པའི་སྐོར་ལས་ ཧེ་མ་ལས་གྲོས་འཆར་ལེ་ཤཱ་ཅིག་བཀོད་ཡོད་རུང་ མཁས་མཆོག་སྦྱོང་བརྡར་འབད་ཚར་མི་དང་སྦྱོང་བརྡར་གྱི་དོན་ལུ་མཐུན་རྐྱེན་ནང་སྡོད་ནད་པའི་ཞབས་ཏོག་ཚུ་མེདཔ་ལས་བརྟེན་ཏེ་ད་ལྟོ་ཚུན་ཚོད་ལུས་ཡོདཔ་ཨིན། གསོ་བ་རིག་པའི་མཐོ་རིམ་གོང་མའི་སྦྱོང་བརྡར་དགོ་པའི་གནད་དོན་འདི་ རྒྱལ་ཁབ་ནང་ཕྱི་ཚན་རིག་གི་སྨན་བཅོས་དང་མཉམ་འབྲེལ་ཐོག་ལས་རང་ལུགས་གསོ་བ་རིག་པའི་སྨན་བཅོས་དེ་ཡང་ཡར་དྲག་དང་སྤུས་ཚད་ཅན་གྱི་ཐོག་ལས་ཞབས་ཏོག་སྤྲོད་དགོཔ་སྦེ་ཡོད་རུང་ ད་ལྟོ་གི་གནས་སྟངས་ནང་ནང་སྨན་ལྟེ་བ་དང་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ཚུ་ནང་ཁྱད་རིག་ཡོད་མི་མེདཔ་ལས་བརྟེན་ ནདཔ་མཐོ་གཏུགས་འབད་ནི་དང་། དོགས་དཔྱོད། མཐར་ཐུག་སའི་སྨན་བཅོས་ཚུ་འབད་མ་ཚུགས་པའི་དཀའ་ངལ་དང་། གསོ་བ་རིག་པ་ཡར་རྒྱས་ཀྱི་དོན་ལུ་ཞིབ་འཚོལ་འབད་ཐོག་ལས་དེང་སང་གི་དུས་ལུ་གྲུབ་བྱེད་ལྡན་པའི་སྨན་གསརཔ་བཏོན་ནི་དང་སྤུས་ཚད་དང་ལྡན་པའི་སྨན་བཅོས་ཞབས་ཏོག་གི་དོན་ལུ་མཁས་མཆོག་གི་སྦྱོང་བརྡར་ངེས་པར་དུ་དགོཔ་སྦེ་གསོ་བའི་ལྷན་ཁག་ལས་བཀའི་གནང་བ་སློབ་ཚོགས་ལུ་གནང་ཡོདཔ་ཨིན། ང་བཅས་སློབ་ཚོགས་ཀྱི་འགན་ཁུར་འདི་ རིག་རྩལ་དང་ལྕོགས་གྲུབ་ལྡན་པའི་མི་སྟོབས་་སྤེལ་ནིའི་འགན་ཁུར་ངོ་མ་ཅིག་ཨིནམ་ལས་བརྟེན་ གོང་གི་དགོས་དོན་ཚུ་འགྲུབ་ཐབས་ལུ་ སྤེལ་ཁང་སློབ་རིག་བཀོད་ཚོགས་ཐེངས་༦པའི་ནང་གྲོས་བསྡུར་རྒྱས་པར་གནང་སྟེ་ ཆ་འཇོག་གྲུབ་པ་མ་ཚད་ གྲོས་ཆོད་དང་འཁྲིལ་ སྤྱི་ལོ་༢༠༡༦ ལོ་ནང་མཐོ་རིམ་གོང་མའི་སློབ་སྦྱོང་འགོ་བཙུགས་ཡོདཔ་ད་དོ་ཅི་སྤྱི་ལོ་༢༠༡༩ སྤྱི་ཟླ་༧ པ་ལས་མཁས་མཆོག་ལོ་ངོ་གསུམ་གྱི་སློབ་སྦྱོང་གཞི་བཙུགས་འབད་ནི་སྦེ་མཐའ་དཔྱད་འབད་ཡི།

༡༡)   སྦྱོང་བརྡར་པ་ལེན་ནིའི་འཆར་གཞི།

ད་ལྟོ་ཚུན་ཚོད་ལུ་གསོ་རིག་སློབ་ཚོགས་ནང་ལས་དྲུང་འཚོའི་སློབ་སྦྱོང་མཐར་འཁྱོལ་མི་བསྡོམས་༩༠ལྷགཔ་སྦེ་ཡོད་མི་ཚུ་ལུ་མཐོ་རིམ་གོང་མའི་སྦྱོང་བརྡར་འདི་ངེས་པར་དུ་སྤྲོད་དགོཔ་ཡོད། དེ་བཟུམ་སྦེ་ལོ་བསྟར་བཞིན་དུ་དྲུང་འཚོའི་སློབ་སྦྱོང་པ་མཐར་འཁྱོལ་མི་ད་ལྟོ་མི་༨རེ་འཐོན་དོ་ཡོད་མི་འདི་ རིམ་པ་བཞིན་དུ་ཡར་སེང་འབད་ནི་ཨིནམ་དང་། ལོ་ངོ་གཉིས་རེའི་བར་ན་མཁས་མཆོག་གི་སྦྱོང་བརྡར་ནང་ཉུང་མཐའ་མི་གྲངས་༤རེ་སློབ་ཚོགས་ནང་བཙུག་ནིའི་ལས་རིམ་ཡོད། དེང་སང་དུས་ཀྱི་འགྱུར་བ་དང་བསྟུན་མཐོ་རིམ་གོང་མ་དང་མཁས་མཆོག་གི་སྦྱོང་བརྡར་འདི་ཁག་ཆེཝ་ལས་བརྟེན་ཏེ་ སྦྱོང་བརྡར་ནང་གཞུང་ལས་གནང་བ་ཐོབ་མི་རྐྱངམ་ཅིག་མེན་པར་ རང་གི་ཟད་འགྲོའི་ཐོག་ལས་ཡང་གོ་སྐབས་སྤྲོད་ནི་ཨིན་ཟེར་ཞུ་ནི།

༡༢)  རྩ་གཞུང་གི་སྒྲིག་བཀོད།

མཁས་མཆོག་གི་སྦྱོང་བརྡར་བཟོ་དགོ་པའི་དམིགས་ཡུལ་གཙོ་བོ་ར་དྲུང་འཚོ་ཚུ་ལུ་སྨན་བཅོས་དང་དཔྱད་བཅོས་ཀྱི་ཁྱད་རིག་ཟུང་འབྲེལ་གྱི་ཞིབ་འཚོལ་གྱི་ཐོག་ལས་དགོཔ་ཁག་ཆེཝ་ལས་བརྟེན་ སྨན་བཅོས་ཁྱད་རིག་གི་ཞབས་ཏོག་ཞུ་ཚུགས་ཐབས་ལུ་རྩ་གཞུང་འདི་སྒྲིག་བཀོད་འབད་ཡི་ཟེར་ཞུ་ནི། དེ་ཡང་མཁས་མཆོག་གི་དོན་ལུ་སྦྱོང་མཐུས་༣༦༠དང་། སྤྱིར་བཏང་སྦྱོང་ཚན་རེ་ལུ་སྦྱོང་འཐུས་༡༢རེ་དགོཔ་སྦེ་ཡོད་རུང་ ལ་ལུ་ཅིག་ལུ་སྦྱོང་འཐུས་མ་ལངམ་དང་ ལ་ལུ་ཅིག་སྦྱོང་འཐུས་ལྷགཔ་སྦེ་ཡོད་མི་འདི་ ཆོས་ཚན་ངོ་མའི་མང་ཉུང་དང་འཁྲིལ་ཏེ་ཨིནམ་ལས་རྩ་གཞུང་ནང་བཀོད་ཡོད་མི་ལྟར་དུ་ལག་ལེན་འཐབ་ནི།

༡༣) འཛུལ་ཞུགས་ཁྱད་ཆོས། 

སྦྱོང་བྱེད་ལས་ལྔའི་མཁས་མཆོག་གི་སྦྱོང་བརྡར་ནང་འཛུལ་ཞུགས་ཀྱི་དོན་ལུ་ཉུང་ཤོས་དྲུང་འཚོ་ལོ་ལྔའི་སྦྱོང་བརྡར་ནང་ལས་མཐར་འཁྱོལ་མི་དང་ དེ་དང་འདྲ་མཉམ་གྱི་ཤེས་ཚད་ཡོད་མི་དགོཔ་ཨིན། ཨིན་རུང་སྨན་བཅོས་དང་དཔྱད་བཅོས་ཀྱི་འབྲེལ་བའི་ལཱ་གཡོག་ནང་ཉམས་མྱོང་ཡོད་མི་ཚུ་ལུ་གཙོ་རིམ་སྦེ་སྤྲོད་ནི་ཨིན

༡༤)  སྦྱོང་བརྡར་གྱི་འཐུས།

སྨན་བཅོས་དང་ལས་ལྔ་ལ་སོགས་པའི་དཔྱད་རིགས་ཚུ་གི་ལག་ལེན་ཁ་སྐོང་འཐོབ་ནི་གི་དོན་ལུ། གསོ་བ་རིག་པ་དང་འབྲེལ་བ་ཡོད་པའི་རྒྱ་གར་འཇམ་ན་གར་དང་ཝ་ར་ན་སི་ད་རམ་སཱ་ཚུ་ནང་ལུ་ལོ་ངོ་རེ་ནང་མཐོ་ཤོས་ཟླ་ངོ་གཅིག་གི་རིང་ལུ་གཏང་ནི་ཨིན། ཨིན་རུང་གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་ལས་ཆ་འཇོག་མཛད་གནང་ཡོད་པའི་སྦྱོང་བརྡར་གྱི་གླ་འཐུས་འདི་གསོ་བ་རིག་པའི་་སློབ་ཚོགས་ནང་ལུ་སྦྱོང་བརྡར་འབད་ནི་གི་དོན་ལུ་ཨིན། གཞན་རྒྱལ་ཁབ་ནང་འཁོད་དང་གསོ་བ་རིག་པ་དང་འབྲེལ་བ་ཡོད་པའི་རྒྱ་གར་གི་རྒྱལ་ཁབ་ཚུ་ནང་ཕྱིར་སྐྱོད་འབད་དགོ་མི་ཚུ་ཟད་འགྲོ་རང་གིས་གཏང་ཐོག་དང་ ལས་ཁུངས་ ལས་སྡེ་ ལྷན་ཁག་ཚུ་གིས་གཏང་ཐོག་ལས་མ་གཏོགས་སློབ་ཚོགས་ནང་ལས་ཟད་འགྲོ་གཏང་ནི་མེདཔ་ཨིན།

༡༥)   སློབ་སྟོན་དང་སྦྱོང་བརྡར་གྱི་ཐབས་ལམ།

སློབ་སྟོན་དང་སྦྱོང་བརྡར་ཚུ་སློབ་ཁང་ནང་ལུ་དཔེ་ཁྲིད་དང་བློར་འཛིན་འབད་དགོ་པའི་ཁར་ནདཔ་བརྟག་དཔྱད་དང་དཔྱད་བཅོས་ཀྱི་ལག་ལེན་སྦྱོང་བརྡར་འབད་དགོཔ་དང་། སློབ་ཕྲུག་གཙོར་བཏོན་གྱི་ཐོག་ལས་ནདཔ་དང་ཅིག་ཁར་འབྲེལ་བ་འཐབ་སྐབས་སུ་ཐོབ་པའི་ཉམས་མྱོང་དང་གཞུང་དོན་ག་བསྡུར་འབད་དེ་སྦྱོང་བྱེད་ལས་ལྔ་དང་འབྲེལ་བའི་གྲོས་འཆར་དང་ཞིབ་འཚོལ་གྱི་ལས་འགུལ་ཚུ་འབྲི་དགོཔ་མ་ཚད་ སྙན་ཞུ་ཚུ་མཁས་མཆོག་འཐུས་མི་ལྷན་བཞུགས་ནང་སྤྱན་ཞུ་འབད་དགོ སྤྱན་ཞུའི་སྐབས་མཆན་འདོགས་དང་བསམ་འཆར་བཀོད་མི་ཚུ་ཡང་བསྐྱར་བསྒྱུར་བཅོས་དང་ལེགས་བཅོས་འབད་དེ་མཐའ་དཔྱད་ཀྱི་གྲུབ་འབྲས་མ་ཐོན་གྱི་རིང་ཡང་བསྐྱར་སྤྱན་ཞུ་འབད་དགོཔ་ཨིན། དེ་ཡང་སྦྱོང་བརྡར་གྱི་ལག་ལེན་དང་ཞིབ་འཚོལ་གྱི་ལམ་སྟོན་ཆེད་བཀོད་འབད་ཡོད་མི་དང་འཁྲིལ་འབད་དགོ།

༡༦)   དབྱེ་ཞིབ་ཀྱི་ཐབས་ལམ།

དབྱེ་ཞིབ་ཀྱི་ཐད་ དུས་རྒྱུན་སྦྱོང་བྱེད་ལས་ཁུངས་ནང་ལག་ལེན་དངོས་བསྟར་དང་ སྦྱོང་བྱེད་ནང་ངེས་པར་མཁོ་བའི་རྩ་བ་བློར་འཛིན་ཚུ་དང་། དུས་རྒྱུན་དབྱེ་ཞིབ་ནང་ལས་སྐུགས་བརྒྱ་ཆ་༦༠། སློབ་དུས་ཀྱི་མཐའ་དཔྱད་ཆོས་རྒྱུགས་ནང་ལས་སྐུགས་བརྒྱ་ཆ་༤༠རེ་ཐོབ་དགོ། དབྱེ་ཞིབ་ཆ་མཉམ་ནང་ལུ་སྦྱོང་ལཱ་དང་། བློར་འཛིན། ལག་ལེན་དངོས་བསྟར་གྱི་རྒྱུགས། ཞིབ་འཚོལ། འབྲི་རྒྱུགས་ཚུ་ཚུདཔ་ཨིན།

༡༧)   སྦྱོང་བརྡར་གྱི་འཛིན་སྐྱོང་།

སྦྱོང་བརྡར་གྱི་འཛིན་སྐྱོང་དེ་ཡང་སྤེལ་ཁང་གི་སློབ་རིག་བཀོད་ཚོགས་དང་སློབ་རིག་སྒྲིག་འཛིན་གྱི་བཀོད་བྱའི་འོག་ སྦྱོང་བརྡར་ལས་རིམ་འགོ་དཔོན་གྱིས་འཆར་གཞི་དང་ལས་རིམ་གྱི་ཐོག་ལས་འབད་ནི་ཨིན། སློབ་རིག་སྒྲིག་འཛིན་གྱིས་སྦྱོང་བརྡར་བལྟ་བཀོད་པ་དང་སློབ་སྟོན་འབད་མི་ཚུ་ངོས་འཛིན་དང་བསྐོ་བཞག་འབད་ཞིནམ་ལས་ བལྟ་བཀོད་པ་གིས་སློབ་སྟོན་དང་ལག་ལེན་དངོས་བསྟར་ ཞིབ་འཚོལ་གང་ཅིའི་ཐད་ལས་འབད་རུང་སྤྱིར་བཏང་གཙུག་ལག་སློབ་སྡེའི་མཁས་མཆོག་དང་མཐོ་རིམ་གོང་མའི་སློབ་སྦྱོང་འབད་ཐངས་ལམ་ལུགས་ལྟར་ དཔེ་ཁྲིད་དང་ ལག་ལེན་དངོས་བསྟར། རང་གིས་གདམ་འཐུ་འབད་བའི་དོན་ཚན་ནང་ཞིབ་འཚོལ་གྱི་གྲུབ་འབྲས་མ་ཐོན་གྱི་རིང་ལུ་སློབ་སྟོན་གྱི་སྒྲིག་གཞི་ལས་སྤུ་ཙམ་ཡང་འདའ་བ་མེད་པར་ལག་ལེན་འཐབ་དགོཔ་ཨིན།

༡༨)   སྦྱོང་བརྡར་གྱི་སྤུས་ཚད།

སྦྱོང་བརྡར་གྱི་སྤུས་ཚད་འདི་ དཔེ་ཁྲིད་རྐྱངམ་ཅིག་གིས་འཐོན་མི་ཚུགས་ནི་ཨིནམ་ལས་ སྨན་ཁང་ནང་མཁསམཆོག་ཚུ་དང་ཅིག་ཁར་ཉིན་བསྟར་བཞིན་སྦྱོང་བྱེད་ནང་ལུ་ལག་ལེན་དངོས་བསྟར་འབད་ནི་དང་། ཞིབ་འཚོལ་གྱི་ཐབས་ལམ་དང་ལམ་སྟོན་དང་འཁྲིལ་ཞིབ་འཚོལ་ཚུ་ཡིག་ཆ་ཁུངས་གཏུགས་དང་། དོགས་དཔྱོད་ཀྱི་ཐོག་ལས་འབད་དེ་རྩོམ་བྲིས་འབད་དགོཔ་ཨིན། སྦྱོང་བརྡར་འདི་མཐར་འཁྱོལ་ཞིནམ་ལས་ གཞུང་བཤད་དང་ སྨན་བཅོས་དང་དཔྱད་བཅོས་དང་ལྷག་པར་དུ་སྦྱོང་བྱེད་ཀྱི་ལག་ལེན་དངོས་བསྟར་ཐོགས་རྡུགས་ཉམ་ང་མེད་པར་འབད་ཚུགསཔ་བཟོ་ནི་ཨིནམ་མ་ཚད་ གསོ་བ་རིག་པའི་སྦྱོང་བྱེད་ལས་ལྔ་ནང་ལུ་ཞིབ་འཚོལ་འབད་དེ་གྲུབ་འབྲས་སྤུས་ཚད་ཅན་སྦེ་ར་བཏོན་ཚུགསཔ་འབད་ནི་ཨིན།

༡༩)   སྦྱོང་བརྡར་གྱི་མཐུན་རྐྱེན།

སྦྱོང་བརྡར་གསར་བཙུགས་ཀྱི་དོན་ལུ་ཕྱིའི་མཐུན་རྐྱེན་གཞི་རྟེན་མཁོ་ཆས་ སློབ་ཁང་དང་། འགྲེམས་སྟོན་ཁང་། ལག་ལེན་དཔེ་སྟོན་ཁང་། དཔེ་མཛོད་ཁང་། གློག་རིག་ ལག་ལེན་དངོས་བསྟར་འབད་སའི་སྨན་ཁང་དང་དེ་ནང་སྨན་བཅོས་དང་དཔྱད་བཅོས་ཀྱི་མཁས་མཆོག་ཚུ་ཡོདཔ་མ་ཚད་ སློབ་ཚོགས་ནང་ལུ་ཡང་ གསོ་རིག་ཞིབ་རོགས་མཁས་དབང་། ཞིབ་འཚོལ་ལེགས་བཤད་པ། དབྱིན་སྐད་ཀྱི་ལེགས་བཤད་པ། གསོ་རིག་ལེགས་བཤད་པ་ཚུ་ཡོདཔ་ལས་ནང་གི་མཐུན་རྐྱེན་ཚུ་ཡང་ལངམ་སྦེ་ཡོདཔ་ཨིན། གལ་སྲིད་ མཁས་དབང་ལེགས་སྦྱར་བ་གཞན་རེ་གཉིས་ཁ་སྐོང་དགོཔ་ཡོད་རུང་ མཁས་དབང་དྲུང་འཚོ་ཚུ་སྐུ་མགྲོན་ལེགས་སྦྱར་བ་སྦེ་མགྲོན་ཞུ་འབད་ནི་ཨིན།

སྦྱོང་བྱེད་ལས་ལྔའི་མཁས་མཆོག་གི་རྩ་གཞུང་ནང་དོན

MD in Tsubched (Invasive Therapy)

རྒྱལ་ཡོངས་ནང་པའི་གསོ་རིག་སྤེལ་ཁང༌།

གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ།

རྩུབ་དཔྱད་མཁས་མཆོག་རྩ་གཞུང་།

༡)   རྒྱབ་ཁུངས།

༉    རང་ལུགས་ནང་པའི་སྨན་ཁང་འདི་རང་ལུགས་ཀྱི་ཁྱད་ཆོས་བཟང་པོ་གཅེས་སྐྱོང་དང་མི་ཉམས་གོང་འཕེལ་གནང་ཐབས་ལུ་སྤྱི་ལོ་༡༩༦༧ཟླཝ་༡༡པའི་ནང་མཁྱེན་རྒྱ་བླ་ན་མེད་པའི་ཞིང་གཤེགས་དམ་པ་མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་བཀའ་རྒྱ་བཞིན་སྤྱི་ལོ་༡༩༦༨ཟླཝ་༦པའི་ཚེས་༢༨གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིམ་དང་འབྲེལ་ས་གནས་བདེ་ཆེན་ཆོས་གླིང་ལུ་སྨན་ཁང་ཆུང་བ་ཅིག་གཞི་བཙུགས་གནང་ནུག སྤྱི་ལོ་༡༩༧༡ལུ་ལག་ཐོག་ལག་ལེན་སྦྱོང་བརྡར་དང་འབྲེལ་སྨན་པ་ལོ་ངོ་གསུམ་གྱི་གཙུག་ལག་འོག་མའི་སྦྱོང་བརྡར་འགོ་བཙུགས་ཡོདཔ་དང་། སྤྱི་ལོ་༡༩༧༨ལུ་དྲུང་འཚོ་ལོ་ལྔའི་གཙུག་ལག་སྦྱོང་བརྡར་འགོ་བཙུགས་གནང་ནུག དེ་སྦེ་སློབ་སྦྱོང་གཞི་བཙུགས་འབད་དེ་ལོ་ངོ་བཅུ་ཕྲག་༤ལྷག་སོང་ཡོད་རུང་མཐོ་རིམ་གོང་མ་དང་མཁས་མཆོག་གི་སྦྱོང་བརྡར་ཅིག་སྤྲོད་མ་ཚུགསཔ་ལས་བརྟེན་ཞལ་འཛོམས་དང་གྲོས་བསྡུར་ལེ་ཤཱ་ཅིག་ནང་རང་གྲོས་འཆར་དང་ཞུ་བ་ཚུ་ཕུལ་ཡོད་རུང་ཕྱིའི་མཐུན་རྐྱེན་དང་ནང་གི་མི་སྟོབས་ཀྱི་དཀའ་ངལ་ལས་བརྟེན་ཏེ་ གཞི་བཙུགས་འབད་མ་ཚུགས་པར་ལོ་ངོ་ལེ་ཤཱ་ཅིག་གི་རིང་ལུ་མཁོ་འདོད་ཀྱི་གྲོས་འཆར་དང་ཞུ་བ་ཚུ་ཤོག་གུའི་ནང་རང་ལུས་སོང་ནུག དེ་མ་ཚད་ཕྱི་རྒྱལ་ཁབ་ལུ་མཐོ་རིམ་གོང་མའི་སྦྱོང་བརྡར་གྱི་དོན་ལུ་གཏང་ནི་འདི་ཚད་ཅིག་ལས་ལྷག་མེད་པའི་ཁར་གཞུང་ལུ་ཡང་ཟད་འགྲོ་ཡང་ལྕིཝ་ལས་བརྟེན་ཏེ་རང་གི་རྒྱལ་ཁབ་ནང་རང་མཐོ་རིམ་གོང་མའི་སྦྱོང་བརྡར་གྱི་གོ་སྐབས་ཅིག་བཟོ་ཚུགས་པ་ཅིན་རྒྱལ་ཁབ་ཀྱི་རང་མགོ་རང་འདྲོངས་ལུ་ཕན་ཐོགས་འབྱུང་ནི་ཨིནམ་མ་ཚད་དྲུང་འཚོ་མང་ཤོས་ཅིག་གིས་ར་གོ་སྐབས་འདི་ཐོབ་ཚུགས་པའི་ཁེ་ཕན་སྦོམ་སྦེ་ར་ཡོདཔ་ཨིན། དེ་འབདཝ་ལས་བརྟེན་ཏེ་རྒྱལ་ཡོངས་ནང་པའི་སྨན་ཁང་ལྟེ་བ་གིས་གསོ་བའི་ལྷན་ཁག་ལུ་དགོས༌མཁོའི་གྲོས་འདེབས་ཕུལ་བ་བཞིན་གསོ་བའི་ལྷན་ཁག་ལས་ཡང་དེ་གི་འོས་འབབ་བཟོ་དགོ་པའི་བཀོད་རྒྱ་རྒྱལ་ཡོངས་གསོ་རིག་སྤེལ་ཁང་ལུ་གནང་ཡོདཔ་མ་ཚད་འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ཆིངས་ཡིག་ནང་ལུ་ཡང་སྤྱི་ལོ་༢༠༡༤གི་ནང་འཁོད་ལུ་ནང་པའི་གསོ་རིག་སྤེལ་ཁང་གིས་མཐོ་རིམ་གོང་མའི་སྦྱོང་བརྡར་སྤྲོད་ནིའི་མོས་མཐུན་གྱི་མཚན་རྟགས་བཀོད་མི་ཚུ་འགྲུབ༌ཐབས་ལུ་སྤྱི་ཚེས་༠༧/༡༢/༢༠༡༢ལུ་གནང་མི་སློབ་རིག་བཀོད་ཚོགས་ཞལ་འཛོམས་ཐེངས་༥པའི་ནང་གནད་དོན་འདི་ལུ་གྲོས་བསྡུར་ཞིབ་ཞིབ་སྦེ་གནང་སྟེ་རྒྱབ་སྣོན་ཆ་འཇོག་བཏོན་མི་དང་འཁྲིལ་ཏེ་དྲུང་འཚོའི་མཐོ་རིམ་གོང་མའི་སྦྱོང་བརྡར་རྩ་གཞུང་བཟོ་ནི་འགོ་བཙུགས་ཏེ་ལས་བྱེད་ཚོགས་ཆུང་གིས་འགོ་དང་པ་སྤྱི་ཚེས་༡༨/༡/༢༠༡༣ལུ་ས་གནས་ཕུན་ཚོགས་གླིང་ལུ་སྦེ་གྲོས་བསྡུར་གནང་ཡོདཔ་དང་། དེ་གི་ཤུལ་ལས་སྤྱི་ཚེས་༡/༣/༡༣ལས་༣/༣/༡༣ ཚུན་སྤ་གྲོ་ཨོ་རྒྱན་ཕན་བདེ་གླིང་བསྟི་གནས་ནང་ལུ་ཉིན་གྲངས་གསུམ་གྱི་རིང་སྨན་བཅོས་མཁས་མཆོག་གི་ཆོས་ཚན་ཟིན་བྲིས་བཟོ་ཡོདཔ་མ་ཚད་གསུམ་གས་མ་ནོན་དཔྱད་ཀྱིས་ནད་ཡུལ་དབྱུང་། ཞེས་སྨན་གྱིས་བཅོས་རྡུགས་པའི་ནད་གཞི་མང་ཤོས་ཅིག་གཏར་སྲེག་དབུག་གསུམ་གྱི་དཔྱད་ཀྱི་ཐོག་ལས་ནད་དངོས་སུ་ཕྱིར་བཏོན་གཏང་ནི་འདི་ཨིནམ་སྦེ་གསུངས་པའི་དགོངས་པ་དང་མཐུནམ་སྦེ་སྤུས་ཚད་དང་ལྡན་པའི་ནང་སྨན་ཞབསཏོག་སྤྲོད་ཐབས་ལུ་དཔྱད་བཅོས་མཁས་མཆོག་གི་ཆོས་ཚན་ཟིན་བྲིས་བཅས་བཏབ་ཡོད་མི་དེ་ཡང་ནང་སྨན་ཞབས་ཏོག་གི་སྤུས་ཚད་དང་ཤེས་ཡོན་གོང་འཕེལ་གཏང་ནིའི་འགན་ཁུར་འདི་རྒྱལ་ཡོངས་གསོ་རིག་སྤེལ་ཁང་ལུ་ཕོག་སྟེ་ཡོདཔ་ལས་བརྟེན་ཏེ་ཨིན་ཟེར་ཞུ་ནི། ཨིན་རུང་སློབ་སྟོན་པ་དང་སློབ་སྦྱོང་གི་མཐུན་རྐྱེན་ནདཔ་བཞག་ཁང་ལ་སོགས་པའི་དགོས་མཁོ་ཚུ་མེདཔ་ལས་བརྟེན་མཁས་མཆོག་གི་སྦྱོང་བརྡར་འགོ་བཙུགས་མ་ཚུགས་རུང་གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་གིས་འགོ་འདྲེན་ཐོག་འབད་དེ་སྤྱི་ཚེས་༡༩/༠༦/༢༠༡༦ལུ་ས་གནས་སྤ་རོ་ལུ་སྦེ་ཧེ་མ་ལས་བཟོ་ཡོད་པའི་དཔྱད་བཅོས་མཁས་མཆོག་དང་སྨན་བཅོས་མཁས་མཆོག་གི་རྩ་གཞུང་གཉིས་ཅིག་ཁར་བསྡབ་ཐོག་སྤྱི་ལོ་༢༠༡༦སྤྱི་ཟླ་༧པ་ནང་ལས་ཞིབ་འཚོལ་གཙོ་སྟོན་ཐོག་ལས་གསོ་རིག་མཐོ་རིག་གོངམའི་སློབ་སྦྱོང་འགོ་བཙུགས་ཡོདཔ་ཨིན། དེ་བཟུམ་སྦེ་སྤྱི་ལོ་༢༠༡༩སྤྱི་ཟླ་བདུན་པ་ལས་སྦྱོང་བྱེད་ལས་ལྔའི་མཁས་མཆོག་དང་རྩུབ་དཔྱད་མཁས་མཆོག་གི་སྦྱོང་བརྡར་འགོ་བཙུག་ནིའི་དོན་ལུ་སྤྱི་ཚེས་༡༦-༡༧/༠༢/༢༠༡༩ཉིན་གྲངས་གཉིས་ཀྱི་རིང་ས་གནས་གསར་སྦིས་ཐང་ལུ་སྦེ་ནང་སྨན་ལྟེ་བ་དང་སྨན་ལྗོངས་གསོ་རིག་བཟོ་བསྐྲུན་ཁང་། འབྲུག་གསོ་བ་དང་འཕྲོད་བསྟེན་ཚོགས་སྡེ། གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་ཚུ་ལས་འཐུས་མི་ཚུ་དང་། ནང་སྨན་གསོ་རིག་སློབ་ཚོགས་ཀྱི་ལེགས་བཤད་པ་ཚུ་ག་ར་འཛོམས་ཐོག་ཧེ་མ་ལས་བཟོ་ཡོད་པའི་མཁས་མཆོག་གི་རྩ་གཞུང་དེ་གུ་གཞི་བཞག་སྟེ་ནང་དོན་ས་བཅད་ཀྱི་དོན་ཚན་ཚུ་གཏན་བེབས་འབད་ཡོདཔ་མ་ཚད་སྤྱི་ཚེས་༠༨-༡༠/༠༣/༢༠༡༩ཉིན་གྲངས་གསུམ་གྱི་རིང་ནང་སྨན་ལྟེ་བའི་འཐུས་མི་དང་སློབ་ཚོགས་ཀྱི་ལེགས་བཤདཔ་ཚུ་འཛོམས་ཐོག་རྩ་གཞུང་བཟོ་དགོཔ་ཡོད་མི་ཚུ་བཟོ་སྟེ་ཞུན་དག་འབད་ཡོད་མི་དེ་སྤྱི་ཚེས་༢༨/༠༣/༢༠༡༩ལུ་ནང་སྨན་གསོ་རིག་སློབ་ཚོགས་ཀྱི་སློབ་རིག་བཀོད་ཚོགས་ལས་ཆ་འཇོག་མཛད་དེ་ གཙུག་ལག་སློབ་སྡེའི་གཙུག་ལག་སློབ་རིག་བཀོད་ཚོགས་ཚུ་ལས་གནང་བ་ལེན་ཐོག་གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་ཆ་འཇོག་མཛད་ཡོདཔ་ཨིན།

༢)  གསོ་བ་རིག་པའི་རྩུབ་དཔྱད་མཁས་མཆོག་གི་སྦྱོང་བརྡར་ལས་རིམ་གྱི་འགྲེལ་བཤད།

སློབ་ཚོགས་ཀྱི་མིང་།                           ནང་པའི་གསོ་བ་རིག་པའི་སློབ་ཚོགས།

སྦྱོང་བརྡར་གྱི་མིང་།                             རྩུབ་དཔྱད་མཁས་མཆོག་སྦྱོང་བརྡར།

སྦྱོང་བརྡར་དུས་ཡུན་དང་ ལམ་ལུགས།        དུས་ཡུན་ལོ་ངོ་གསུམ།(དུས་རྒྱུན)

སློབ་སྦྱོང་གི་རྣམ་པ།                            དཔེ་ཁྲིད་ལག་ལེན་དང་ཞིབ་འཚོལ་ཟུང་འབྲེལ།

ས་གནས།                                      ཐིམ་ཕུག་ཀ་ཝ་སྦྱང་ས།

ཆ་འཇོག་མཛད་མི།                             གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ།

༣)    སྤྱིར་བཏང་གི་དམིགས་ཡུལ།

རྩུབ་དཔྱད་ལུ་མཁས་མཆོག་སྦྱངས་ཏེ་ཞིབ་འཚོལ་དང་ལག་ལེན་དངོས་བསྟར་ཐོག་ལས་སྐྱེ་འགྲོ་སྤྱིའི་ཕན་བདེ་དང་འགྲོ་བ་མིའི་འཕྲོད་བསྟེན་གོང་འཕེལ་གཏང་ཐབས་ཀྱི་དོན་ལུ་ཨིན།

༤ )  བྱེ་བྲག་གི་དམིགས་ཡུལ།

  • སྐྱེ་འགྲོ་སྤྱིའི་ཕན་བདེ་བསྒྲུབ་ནི་དང་བྱེ་བྲག་འགྲོ་བ་མིའི་འཕྲོད་བསྟེན་གོང་འཕེལ་གཏང་ཐབས་ཀྱི་དོན་ལུ་དམིགས་བསལ་མཁས་མཆོག་སྦྱང་ནི།
  • འབྲུག་རང་ལུགས་ནང་པའི་རྩུབ་དཔྱད་ཀྱི་ཞབས་ཏོག་འདི་ཞིབ་འཚོལ་ཐོག་ལས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏང་ཐབས་ཀྱི་དོན་ལུ།
  • སྨན་དང་འཇམ་དཔྱད་ཀྱི་བཅོས་ཀྱིས་བརྡུགས་པའི་ནད་རིགས་ཚུ་ལུ་རྩུབ་དཔྱད་ཀྱི་ཐོག་ལས་བཅོས་ཐབས་འབད་ཚུགས་ནི།
  • ནང་སྨན་ལྟེ་བ་དང་རྫོང་ཁག་དྲུང་ཁག་རྒེད་འོག་ཚུ་ལས་ནདཔ་མཐོ་གཏུགས་འབད་མི་ཚུ་གི་དོན་ལུ་རྩུབ་དཔྱད་ནང་ལུ་མཁས་རིག་ལྡན་པའི་མི་ངོམ་དང་ཞབས་ཏོག་སྤྲོད་ཚུགས་ནི།

༥ ) ལག་འཁྱེར་གྱི་མིང་།

མཁས་མཆོག་དྲུང་འཚོ་འདི་གསོ་བ་རིག་པའི་གཞུང་ལུགས་ལུ་རིགས་གཅིག་རྐང་འཛིན་འབད་དེ་དམིགས་བསལ་བསླབ་པའི་

གཞི་དེ་ལུ་མཁས་པའི་མི་ངོ་ལུ་གནང་ནིའི་ཚད་འཛིན་ལག་འཁྱེར་ཅིག་ཨིནམ་ལས་དེ་ལུ་དམིགས་བསལ་ (རྩུབ་དཔྱད་མཁས་མཆོག་) ཟེར་བརྗོད་དགོ།

༦)    རྩ་གཞུང་དང་ཟུར་བལྟའི་སློབ་དེབ།

གོང་གསལ་སློབ་ཚན་དང་འབྲེལ་ཡོད་རྒྱུད་བཞི་སོགས་གསོ་བ་རིག་པའི་གཞུང་དང་། དེང་དུས་དང་སྲོལ་རྒྱུན་གྱི་སྨན་གཞན་མཐའ་དག་ལུ་དཔྱད་ཞིབ་བལྟ་བསྡུར་འབད་དགོ།

༧ )   སློབ་དུས་འགོ་འཛུགས།

ལོ་ལྟར་སློབ་དུས་འགོ་བཙུགས་འདི་སྤྱི་ཟླ་༧པའི་ནང་འགོ་བཙུག་ནི་ཨིནམ་དང་། གལ་སྲིད་ཐབས་མེད་ཀྱིས་ཕར་འགྱངས་འབད་དགོཔ་ཐོན་པ་ཅིན་ཟླཝ་གཅིག་ལས་ལྷག་སྟེ་འབད་ནི་མེད། སློབ་དུས་འགོ་བཙུགས་ཞིནམ་ལས་ལོ་ངོ་༣་གྱི་རིང་དུས་རྒྱུན་སྦེ་འབད་དགོ།

༨ )  ངོས༌འཛིན༌ལག་ཁྱེར།

ལོ་ངོ་༣གྱི་རིང་གསོ་བ་རིག་རྩུབ་དཔྱད་ནང་ལུ་སློབ་སྦྱོང་འབད་དེ་མཐར་འཁྱོལ་ཞིནམ་ལས་ གསོ་བ་རིག་པའི་རྩུབ་དཔྱད་མཁས་མཆོག་གི་ལག་ཁྱེར་འདི༌གེ༌སར༌རྒྱལ༌པོ༌གསོ༌རིག༌གཙུག༌ལག༌སློབ༌སྡེ༌གིས༌གནང༌ནི་ཨིན།

༩ )   སྦྱོང་བརྡར་གྱི་རྒྱབ་ཁུངས།

སྨན་ལྗོངས་འབྲུག་གི་བཀྲིན་ཅན་གྱི་བདག་ཉིད་མི་དབང་ཞིང་གཤེགས་གསུམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་བཀའ་རྒྱ་བཞིན་ རང་ལུགས་སྔར་སྲོལ་སྨན་བཅོས་ལམ་ལུགས་གཅེས་སྐྱོང་དང་ གོང་འཕེལ། འབྲུག་གི་མི་སེར་ཡོངས་ལུ་ཕྱི་ནང་ཟུང་འབྲེལ་གྱི་སྨན་བཅོས་ཞབས་ཏོག་སྤྲོད་ཐབས་ལུ་ སྤྱི་ལོ་༡༩༦༨ལུ་ནང་པའི་སྨན་ཁང་འདི་འགོ་དང་པ་ས་གནས་བདེ་ཆེན་ཆོས་གླིང་ལུ་གཞུང་འབྲེལ་ཐོག་ལས་འགོ་བཙུགས་གནང་ཞིནམ་ལས་ཚུར་ ནང་པའི་དྲུང་འཚོ་དང་སྨན་པ་ཚུ་གིས་ལོ་ངོ་མང་རབས་ཅིག་གི་རིང་ལུ་རྒྱལ་ཁབ་མཐའ་དབུས་མེད་པའི་སྨན་ཁང་ཚུ་ནང་གཞུང་གི་སྲིད་བྱུས་དང་ལམ་སྟོན་དང་ ལྷག་པར་དུ་རྩ་ཁྲིམས་ཆེན་མོའི་དགོངས་དོན་བཞིན་སྨན་བཅོས་ཞབས་ཏོག་ཚུ་དེང་རབས་ཚན་རིག་སྨན་བཅོས་དང་མཉམ་འབྲེལ་གྱི་ཐོག་ལས་ཕྱག་ཞུ་བཞིན་དུ་ཡོད་རུང་ དྲུང་འཚོའི་མཐོ༌རིམ༌གོང༌མའི༌སློབ་སྦྱོང་སྦྱང་ནིའི་གོ་སྐབས་རྒྱ་གར་རྒྱལ་ཁབ་དང་ རྒྱ་ནག་རྒྱལ་ཁབ་ཚུ་ནང་འཚོལ་ཡོད་རུང་ རྩ་ལས་གོ་སྐབས་མ་ཐོབ་པར་དྲུང་འཚོ་ལ་ལུ་ཅིག་མཐོ་རིམ་གོང་མའི་སློབ་སྦྱོང་སྦྱང་ནིའི་གོ་སྐབས་མ་ཐོབ་པ་ར་སྒྲིག་གཡོག་གི་ལོ་ཚད་ཚང་སོང་ཡི། ཨིན་རུང་ གཞུང་ཞབས་ལས་ནང་པའི་དྲུང་འཚོ་གི་དོན་ལུ་གོ་སྐབས་འཚོལཝ་འཚོལ་སར་སྡོད་ཡོདཔ་ལས་མཐའ་མཇུག་ལུ་སོག་པོའི་རྒྱལ་ཁབ་ནང་མཐོ་རིམ་གོང་མའི་མཁས་མཆོག་སྦྱང་ནིའི་གོ་སྐབས་ཡོདཔ་གཟིགས་ཏེ་ འབྲེལ་མཐུད་མཛད་དེ་འགོ་དང་པ་སྤྱི་ལོ་༢༠༠༧ ལུ་མཐོ་རིམ་གོང་མའི་དོན་ལུ་སོག་པོ་གསོ་བའི་ཚན་རིག་གཙུག་ལག་སློབ་སྡེ་ནང་ལུ་གདམ་འཐུ་འབད་དེ་གཏང་ནི་འགོ་བཙུགས་ཅི། ཨིན་རུང་ རྒྱལ་ཁབ་གཞན་ཁར་གཏང་ནི་འདི་གཞུང་ཞབས་ལུ་ཟད་འགྲོ་ལྕི་བའི་ཁར་ ཁ་སྐད་ཀྱི་དཀའ་ངལ་དང་། དྲུང་འཚོ་ལེ་ཤཱ་སྦེ་བཏང་མ་ཚུགསཔ་ལ་སོགས་པའི་དཀའ་ངལ་དང་གདོང་ལེན་ལེ་ཤཱ་ཅིག་བྱུངམ་ལས་ ནཱ་ལས་ཕར་རང་ལུགས་གསོ་བ་རིག་པའི་ནང་ལུ་མཁས་མཆོག་གི་སྦྱོང་བརྡར་འདི་ རང་གི་རྒྱལ་ཁབ་ནང་ར་གཞི་བཙུགས་འབད་དགོཔ་ཁག་ཆེཝ་ལས་ སྦྱོང་བརྡར་འདི་གཞི་བཙུགས་འབད་ཚུགས་པ་ཅིན་ རྒྱལ་ཁབ་གཞན་ལས་ཡང་སློབ་སྦྱོང་འབད་བར་འོང་ནིའི་གོ་སྐབས་དང་ རང་འཚོ་རང་ལྡང་ལུ་ཡང་ཕན་ཐོགས་འབྱུང་ཚུགས་ནི་ཨིན།

༡༠)    སྦྱོང་བརྡར་དགོ་པའི་གནད་དོན།

ང་བཅས་རའི་ནང་པའི་དྲུང་འཚོ་ཚུ་ཁྱད་རིག་གཞན་བཟུམ་སྦེ་ཕྱིའི་རྒྱལ་ཁབ་ཚུ་ནང་འགྱོ་ནིའི་གོ་སྐབས་མེད་ནི་དེ་གིས་ མཁས་མཆོག་དང་མཐོ་རིམ་གོང་མའི་སྦྱོང་བརྡར་འདི་ནང་པའི་གསོ་རིག་སློབ་ཚོགས་ནང་ར་གཞི་བཙུགས་འབད་དགོ་པའི་སྐོར་ལས་ ཧེ་མ་ལས་གྲོས་འཆར་ལེ་ཤཱ་ཅིག་བཀོད་ཡོད་རུང་ མཁས་མཆོག་སྦྱོང་བརྡར་འབད་ཚར་མི་དང་སྦྱོང་བརྡར་གྱི་དོན་ལུ་མཐུན་རྐྱེན་ནང་སྡོད་ནད་པའི་ཞབས་ཏོག་ཚུ་མེདཔ་ལས་བརྟེན་ཏེ་ད་ལྟོ་ཚུན་ཚོད་ལུས་ཡོདཔ་ཨིན། གསོ་བ་རིག་པའི་མཐོ་རིམ་གོང་མའི་སྦྱོང་བརྡར་དགོ་པའི་གནད་དོན་འདི་ རྒྱལ་ཁབ་ནང་ཕྱི་ཚན་རིག་གི་སྨན་བཅོས་དང་མཉམ་འབྲེལ་ཐོག་ལས་རང་ལུགས་གསོ་བ་རིག་པའི་སྨན་བཅོས་དེ་ཡང་ཡར་དྲག་དང་སྤུས་ཚད་ཅན་གྱི་ཐོག་ལས་ཞབས་ཏོག་སྤྲོད་དགོཔ་སྦེ་ཡོད་རུང་ ད་ལྟོ་གི་གནས་སྟངས་ནང་ནང་སྨན་ལྟེ་བ་དང་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ཚུ་ནང་ཁྱད་རིག་ཡོད་མི་མེདཔ་ལས་བརྟེན་ ནདཔ་མཐོ་གཏུགས་འབད་ནི་དང་། དོགས་དཔྱོད། མཐར་ཐུག་སའི་སྨན་བཅོས་ཚུ་འབད་མ་ཚུགས་པའི་དཀའ་ངལ་དང་། གསོ་བ་རིག་པ་ཡར་རྒྱས་ཀྱི་དོན་ལུ་ཞིབ་འཚོལ་འབད་ཐོག་ལས་དེང་སང་གི་དུས་ལུ་གྲུབ་བྱེད་ལྡན་པའི་སྨན་གསརཔ་བཏོན་ནི་དང་སྤུས་ཚད་དང་ལྡན་པའི་སྨན་བཅོས་ཞབས་ཏོག་གི་དོན་ལུ་མཁས་མཆོག་གི་སྦྱོང་བརྡར་ངེས་པར་དུ་དགོཔ་སྦེ་གསོ་བའི་ལྷན་ཁག་ལས་བཀའི་གནང་བ་སློབ་ཚོགས་ལུ་གནང་ཡོདཔ་ཨིན། ང་བཅས་སློབ་ཚོགས་ཀྱི་འགན་ཁུར་འདི་ མི་སྟོབས་སྤེལ་ནིའི་འགན་ཁུར་ངོ་མ་ཅིག་ཨིནམ་ལས་བརྟེན་ གོང་གི་དགོས་དོན་ཚུ་འགྲུབ་ཐབས་ལུ་ སྤེལ་ཁང་སློབ་རིག་བཀོད་ཚོགས་ཐེངས་༦པའི་ནང་གྲོས་བསྡུར་རྒྱས་པར་གནང་སྟེ་ ཆ་འཇོག་གྲུབ་པ་མ་ཚད་ གྲོས་ཆོད་དང་འཁྲིལ་ སྤྱི་ལོ་༢༠༡༦ ལོ་ནང་མཐོ་རིམ་གོང་མའི་སློབ་སྦྱོང་འགོ་བཙུགས་ཡོདཔ་ད་སྤྱི་ལོ་༢༠༡༩ སྤྱི་ཟླ་༧ པ་ལས་མཁས་མཆོག་གི་ལོ་ངོ་གསུམ་གྱི་སློབ་སྦྱོང་གཞི་བཙུགས་འབད་ཡི།

༡༡)    སྦྱོང་བརྡར་པ་ལེན་ནིའི་འཆར་གཞི།

ད་ལྟོ་ཚུན་ཚོད་ལུ་གསོ་རིག་སློབ་ཚོགས་ནང་ལས་དྲུང་འཚོའི་སློབ་སྦྱོང་མཐར་འཁྱོལ་མི་བསྡོམས་༩༠ལྷགཔ་སྦེ་ཡོད་མི་ཚུ་ལུ་མཐོ་རིམ་གོང་མའི་སྦྱོང་བརྡར་འདི་ངེས་པར་དུ་སྤྲོད་དགོཔ་ཡོད། དེ་བཟུམ་སྦེ་ལོ་བསྟར་བཞིན་དུ་དྲུང་འཚོའི་སློབ་སྦྱོང་པ་མཐར་འཁྱོལ་མི་ད་ལྟོ་མི་༨རེ་འཐོན་དོ་ཡོད་མི་འདི་ རིམ་པ་བཞིན་དུ་ཡར་སེང་འབད་ནི་ཨིནམ་དང་། ལོ་ངོ་གཉིས་རེའི་བར་ན་མཁས་མཆོག་གི་སྦྱོང་བརྡར་ནང་ཉུང་མཐའ་མི་གྲངས་༤རེ་སློབ་ཚོགས་ནང་བཙུག་ནིའི་ལས་རིམ་ཡོད། དེང་སང་དུས་ཀྱི་འགྱུར་བ་དང་བསྟུན་མཐོ་རིམ་གོང་མ་དང་མཁས་མཆོག་གི་སྦྱོང་བརྡར་འདི་ཁག་ཆེཝ་ལས་བརྟེན་ཏེ་ སྦྱོང་བརྡར་ནང་གཞུང་ལས་གནང་བ་ཐོབ་མི་རྐྱངམ་ཅིག་མེན་པར་ རང་གི་ཟད་འགྲོའི་ཐོག་ལས་ཡང་གོ་སྐབས་སྤྲོད་ནི་ཨིན་ཟེར་ཞུ་ནི།

༡༢)    རྩ་གཞུང་གི་སྒྲིག་བཀོད།

མཁས་མཆོག་གི་སྦྱོང་བརྡར་བཟོ་དགོ་པའི་དམིགས་ཡུལ་གཙོ་བོ་ར་དྲུང་འཚོ་ཚུ་ལུ་སྨན་བཅོས་དང་དཔྱད་བཅོས་ཀྱི་ཁྱད་རིག་ཟུང་འབྲེལ་གྱི་ཞིབ་འཚོལ་གྱི་ཐོག་ལས་དགོཔ་ཁག་ཆེཝ་ལས་བརྟེན་ སྨན་བཅོས་ཁྱད་རིག་གི་ཞབས་ཏོག་ཞུ་ཚུགས་ཐབས་ལུ་རྩ་གཞུང་འདི་སྒྲིག་བཀོད་འབད་ཡི་ཟེར་ཞུ་ནི། དེ་ཡང་མཁས་མཆོག་གི་དོན་ལུ་སྦྱོང་མཐུས་༣༦༠དང་། སྤྱིར་བཏང་སྦྱོང་ཚན་རེ་ལུ་སྦྱོང་འཐུས་༡༢རེ་དགོཔ་སྦེ་ཡོད་རུང་ ལ་ལུ་ཅིག་ལུ་སྦྱོང་འཐུས་མ་ལངམ་དང་ ལ་ལུ་ཅིག་སྦྱོང་འཐུས་ལྷགཔ་སྦེ་ཡོད་མི་འདི་ ཆོས་ཚན་ངོ་མའི་མང་ཉུང་དང་འཁྲིལ་ཏེ་ཨིནམ་ལས་རྩ་གཞུང་ནང་བཀོད་ཡོད་མི་ལྟར་དུ་ལག་ལེན་འཐབ་ནི།

༡༣ )  འཛུལ་ཞུགས་ཁྱད་ཆོས། 

རྩུབ་དཔྱད་མཁས་མཆོག་གི་སྦྱོང་བརྡར་ནང་འཛུལ་ཞུགས་ཀྱི་དོན་ལུ་ཉུང་ཤོས་དྲུང་འཚོ་ལོ་ལྔའི་སྦྱོང་བརྡར་ནང་ལས་མཐར་འཁྱོལ་མི་དང་ དེ་དང་འདྲ་མཉམ་གྱི་ཤེས་ཚད་ཡོད་མི་དགོཔ་ཨིན། ཨིན་རུང་སྨན་བཅོས་དང་དཔྱད་བཅོས་ཀྱི་འབྲེལ་བའི་ལཱ་གཡོག་ནང་ཉམས་མྱོང་ཡོད་མི་ཚུ་ལུ་གཙོ་རིམ་སྦེ་སྤྲོད་ནི་ཨིན།

༡༤)   སྦྱོང་བརྡར་གྱི་འཐུས།

སྨན་བཅོས་དང་ལས་ལྔ་ལ་སོགས་པའི་དཔྱད་རིགས་ཚུ་གི་ལག་ལེན་ཁ་སྐོང་འཐོབ་ནི་གི་དོན་ལུ། གསོ་བ་རིག་པ་དང་འབྲེལ་བ་ཡོད་པའི་རྒྱ་གར་འཇམ་ན་གར་དང་ཝ་ར་ན་སི་ ད་རམ་ས་ཚུ་ནང་ལུ་ལོ་ངོ་རེ་ནང་མཐོ་ཤོས་ཟླ་ངོ་གཅིག་གི་རིང་ལུ་གཏང་ནི་ཨིན། ཨིན་རུང་གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་ལས་ཆ་འཇོག་མཛད་གནང་ཡོད་པའི་སྦྱོང་བརྡར་གྱི་གླ་འཐུས་འདི་གསོ་བ་རིག་པའི་་སློབ་ཚོགས་ནང་ལུ་སྦྱོང་བརྡར་འབད་ནི་གི་དོན་ལུ་ཨིན། གཞན་རྒྱལ་ཁབ་ནང་འཁོད་དང་གསོ་བ་རིག་པ་དང་འབྲེལ་བ་ཡོད་པའི་རྒྱ་གར་གི་རྒྱལ་ཁབ་ཚུ་ནང་ཕྱིར་སྐྱོད་འབད་དགོ་མི་ཚུ་ཟད་འགྲོ་རང་གིས་གཏང་ཐོག་དང་ ལས་ཁུངས་ ལས་སྡེ་ ལྷན་ཁག་ཚུ་གིས་གཏང་ཐོག་ལས་མ་གཏོགས་སློབ་ཚོགས་ནང་ལས་ཟད་འགྲོ་གཏང་ནི་མེདཔ་ཨིན།

༡༥  ) སློབ་སྟོན་དང་སྦྱོང་བརྡར་གྱི་ཐབས་ལམ།

སློབ་སྟོན་དང་སྦྱོང་བརྡར་ཚུ་སློབ་ཁང་ནང་ལུ་དཔེ་ཁྲིད་དང་བློར་འཛིན་འབད་དགོ་པའི་ཁར་ནདཔ་བརྟག་དཔྱད་དང་དཔྱད་བཅོས་ཀྱི་ལག་ལེན་སྦྱོང་བརྡར་འབད་དགོཔ་དང་། སློབ་ཕྲུག་གཙོར་བཏོན་གྱི་ཐོག་ལས་ནདཔ་དང་ཅིག་ཁར་འབྲེལ་བ་འཐབ་སྐབས་སུ་ཐོབ་པའི་ཉམས་མྱོང་དང་གཞུང་དོན་ག་བསྡུར་འབད་དེ་རྩུབ་དཔྱད་དང་འབྲེལ་བའི་གྲོས་འཆར་དང་ཞིབ་འཚོལ་གྱི་ལས་འགུལ་ཚུ་འབྲི་དགོཔ་མ་ཚད་ སྙན་ཞུ་ཚུ་མཁས་མཆོག་འཐུས་མི་ལྷན་བཞུགས་ནང་སྤྱན་ཞུ་འབད་དགོ སྤྱན་ཞུའི་སྐབས་མཆན་འདོགས་དང་བསམ་འཆར་བཀོད་མི་ཚུ་ཡང་བསྐྱར་བསྒྱུར་བཅོས་དང་ལེགས་བཅོས་འབད་དེ་མཐའ་དཔྱད་ཀྱི་གྲུབ་འབྲས་མ་ཐོན་གྱི་རིང་ཡང་བསྐྱར་སྤྱན་ཞུ་འབད་དགོཔ་ཨིན། དེ་ཡང་སྦྱོང་བརྡར་གྱི་ལག་ལེན་དང་ཞིབ་འཚོལ་གྱི་ལམ་སྟོན་ཆེད་བཀོད་འབད་ཡོད་མི་དང་འཁྲིལ་འབད་དགོ།

༡༦)   དབྱེ་ཞིབ་ཀྱི་ཐབས་ལམ།

དབྱེ་ཞིབ་ཀྱི་ཐད་ དུས་རྒྱུན་བརྟག་དཔྱད་དཔྱད་བཅོས་ཁང་ནང་ལག་ལེན་དངོས་བསྟར་དང་ སྨན་བཅོས་དང་དཔྱད་བཅོས་ཀྱི་ནང་ངེས་པར་མཁོ་བའི་རྩ་བ་བློར་འཛིན་ཚུ་དང་། དུས་རྒྱུན་དབྱེ་ཞིབ་ནང་ལས་སྐུགས་བརྒྱ་ཆ་༦༠། སློབ་དུས་ཀྱི་མཐའ་དཔྱད་ཆོས་རྒྱུགས་ནང་ལས་སྐུགས་བརྒྱ་ཆ་༤༠རེ་ཐོབ་དགོ། དབྱེ་ཞིབ་ཆ་མཉམ་ནང་ལུ་སྦྱོང་ལཱ་དང་། བློར་འཛིན། ལག་ལེན་དངོས་བསྟར་གྱི་རྒྱུགས། ཞིབ་འཚོལ། འབྲི་རྒྱུགས་ཚུ་ཚུདཔ་ཨིན།

༡༧)   སྦྱོང་བརྡར་གྱི་འཛིན་སྐྱོང་།

སྦྱོང་བརྡར་གྱི་འཛིན་སྐྱོང་དེ་ཡང་སྤེལ་ཁང་གི་སློབ་རིག་བཀོད་ཚོགས་དང་སློབ་རིག་སྒྲིག་འཛིན་གྱི་བཀོད་བྱའི་འོག་ སྦྱོང་བརྡར་ལས་རིམ་འགོ་དཔོན་གྱིས་འཆར་གཞི་དང་ལས་རིམ་གྱི་ཐོག་ལས་འབད་ནི་ཨིན། སློབ་རིག་སྒྲིག་འཛིན་གྱིས་སྦྱོང་བརྡར་བལྟ་བཀོད་པ་དང་སློབ་སྟོན་འབད་མི་ཚུ་ངོས་འཛིན་དང་བསྐོ་བཞག་འབད་ཞིནམ་ལས་ བལྟ་བཀོད་པ་གིས་སློབ་སྟོན་དང་ལག་ལེན་དངོས་བསྟར་ ཞིབ་འཚོལ་གང་ཅིའི་ཐད་ལས་འབད་རུང་སྤྱིར་བཏང་གཙུག་ལག་སློབ་སྡེའི་མཁས་མཆོག་དང་མཐོ་རིམ་གོང་མའི་སློབ་སྦྱོང་འབད་ཐངས་ལམ་ལུགས་ལྟར་ དཔེ་ཁྲིད་དང་ ལག་ལེན་དངོས་བསྟར། རང་གིས་གདམ་འཐུ་འབད་བའི་དོན་ཚན་ནང་ཞིབ་འཚོལ་གྱི་གྲུབ་འབྲས་མ་ཐོན་གྱི་རིང་ལུ་སློབ་སྟོན་གྱི་སྒྲིག་གཞི་ལས་སྤུ་ཙམ་ཡང་འདའ་བ་མེད་པར་ལག་ལེན་འཐབ་དགོཔ་ཨིན།

༡༨ )  སྦྱོང་བརྡར་གྱི་སྤུས་ཚད།

སྦྱོང་བརྡར་གྱི་སྤུས་ཚད་འདི་ དཔེ་ཁྲིད་རྐྱངམ་ཅིག་གིས་འཐོན་མི་ཚུགས་ནི་ཨིནམ་ལས་ སྨན་ཁང་ནང་མཁསམཆོག་ཚུ་དང་ཅིག་ཁར་ཉིན་བསྟར་བཞིན་ལག་ལེན་དངོས་བསྟར་འབད་ནི་དང་། ཞིབ་འཚོལ་གྱི་ཐབས་ལམ་དང་ལམ་སྟོན་དང་འཁྲིལ་ཞིབ་འཚོལ་ཚུ་ཡིག་ཆ་ཁུངས་གཏུགས་དང་། དོགས་དཔྱོད་ཀྱི་ཐོག་ལས་འབད་དེ་རྩོམ་བྲིས་འབད་དགོཔ་ཨིན། སྦྱོང་བརྡར་འདི་མཐར་འཁྱོལ་ཞིནམ་ལས་ གཞུང་བཤད་དང་ སྨན་བཅོས་དང་དཔྱད་བཅོས་དང་ལྷག་པར་དུ་རྩུབ་དཔྱད་ཀྱི་ལག་ལེན་དངོས་བསྟར་ཐོགས་རྡུགས་ཉམ་ང་མེད་པར་འབད་ཚུགསཔ་བཟོ་ནི་ཨིནམ་མ་ཚད་ རྩུབ་དཔྱད་ནང་ལུ་ཞིབ་འཚོལ་འབད་དེ་གྲུབ་འབྲས་སྤུས་ཚད་ཅན་སྦེ་ར་བཏོན་ཚུགསཔ་འབད་ནི་ཨིན།

༡༩ )  སྦྱོང་བརྡར་གྱི་མཐུན་རྐྱེན།

སྦྱོང་བརྡར་གསར་བཙུགས་ཀྱི་དོན་ལུ་ཕྱིའི་མཐུན་རྐྱེན་གཞི་རྟེན་མཁོ་ཆས་ སློབ་ཁང་དང་། འགྲེམས་སྟོན་ཁང་། ལག་ལེན་དཔེ་སྟོན་ཁང་། དཔེ་མཛོད་ཁང་། གློག་རིག་ ལག་ལེན་དངོས་བསྟར་འབད་སའི་སྨན་ཁང་དང་དེ་ནང་སྨན་བཅོས་དང་དཔྱད་བཅོས་ཀྱི་མཁས་མཆོག་ཚུ་ཡོདཔ་མ་ཚད་ སློབ་ཚོགས་ནང་ལུ་ཡང་ གསོ་རིག་ཞིབ་རོགས་མཁས་དབང་། ཞིབ་འཚོལ་ལེགས་བཤད་པ། དབྱིན་སྐད་ཀྱི་ལེགས་བཤད་པ། གསོ་རིག་ལེགས་བཤད་པ་ཚུ་ཡོདཔ་ལས་ནང་གི་མཐུན་རྐྱེན་ཚུ་ཡང་ལངམ་སྦེ་ཡོདཔ་ཨིན། གལ་སྲིད་ མཁས་དབང་ལེགས་སྦྱར་བ་གཞན་རེ་གཉིས་ཁ་སྐོང་དགོཔ་ཡོད་རུང་ མཁས་དབང་དྲུང་འཚོ་ཚུ་སྐུ་མགྲོན་ལེགས་སྦྱར་བ་སྦེ་མགྲོན་ཞུ་འབད་ནི་ཨིན།

རྩུབ་དཔྱད་མཁས་མཆོག་རྩ་གཞུང་ནང་དོན་ས་བཅད།

Masters in Traditional Medicine

༡)    གསོ་བ་རིག་པའི་མཐོ་རིམ་གོང་མའི་སྦྱོང་བརྡར་ལས་རིམ་གྱི་འགྲེལ་བཤད།

སློབ་ཚོགས་ཀྱི་མིང་།                    ནང་པའི་གསོ་བ་རིག་པའི་སློབ་ཚོགས།

སྦྱོང་བརྡར་གྱི་མིང་།                     གསོ་བ་རིག་པའི་མཐོ་རིམ་གོང་མའི་སྦྱོང་བརྡར།

Master. in Traditional Medicine (gSowa-rigpa)

སྦྱོང་བརྡར་དུས་ཡུན་དང་ ལམ་ལུགས།          དུས་ཡུན་ལོ་ངོ་གཉིས། (དུས་རྒྱུན)

ས་གནས།                                        ཐིམ་ཕུག་ཀ་ཝ་སྦྱང་ས།

ཆ་འཇོག་མཛད་མི།                               གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ།

༢)     སྤྱིར་བཏང་སྦྱོང་བརྡར་ལས་རིམ་གྱི་དམིགས་ཡུལ།

གསོ་བ་རིག་པའི་མཐོ་རིམ་གོང་མ་སྦྱངས་མི་ཚུ་གིས་ སྤྱིར་བཏང་དྲུང་འཚོ་གཞན་གྱིས་སྨན་དང་དཔྱད་ཀྱི་བཅོས་ཐབས་འབད་དེ་དྲག་མ་ཚུགས་མི་ཚབས་ཅན་དང་། ཡུན་རིང་གི་ནདཔ་ཚུ་མཐོ་གཏུགས་ཀྱི་སྨན་བཅོས་ཀྱི་ཐོག་ལས་ རང་ལུགས་ནང་པའི་སྨན་བཅོས་ཀྱི་ཞབས་ཏོག་སྔར་ལས་དྲགཔ་སྦེ་ཞུ་སྟེ་ འབྲུག་གི་མི་སྡེ་ཆ་མཉམ་ལུས་དང་སེམས་གཉིས་ཆ་ར་བདེ་བ་དང་སྐྱིད་པའི་ངང་ལུ་གནས་ཏེ་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་འགྲུབ་ཐབས་ལུ་ཨིན།

. )  ཁྱད་པར་གྱི་དམིགས་ཡུལ།

སྦྱོང་བརྡར་འདི་དཔེ་ཁྲིད་དང་ལག་ལེན་ ཞིབ་འཚོལ་གསུམ་གཙོ་བོ་སྦེ་ལྷབ་ནི་ཨིནམ་ལས་ གསོ་བའི་ཞབས་ཏོག་གོང་འཕེལ་དང་སྤུས་ཚད་ཚུ་ཡང་དག་སྦེ་སྤྲོད་ཚུགས་ནི་ཨིནམ་ལས་ཁ་གསལ་སྦེ་ཞུ་བ་ཅིན།

  • སྤྱིར་བཏང་དྲུང་འཚོ་གཞན་གྱིས་བཅོས་ཐབས་འབད་མ་ཚུགས་པའི་ནདཔ་ཚབས་ཅན་དང་ཡུན་རིང་གི་ནདཔ་ཚུ་ལུ་སྨན་དང་དཔྱད་བཅོས་ཀྱི་མཐོ་གཏུགས་ཞབས་ཏོག་སྤྲོད་ནིའི་དོན་ལུ་དང་།
  • སྨན་དཔྱད་བཅོས་ཀྱིས་བརྡུགས་པའི་ནད་རིགས་ཚུ་ལུ་སྨན་སྣ་དང་ཁ་ཚར་བཏབ་སྟེ་བཅོས་ཐབས་འབད་ཚུགས་ནི།
  • སྨན་བཅོས་དང་འབྲེལ་བའི་ཁྱད་རིག་ནང་ཞིབ་འཚོལ་འབད་དེ་ དེང་སང་ཚན་རིག་ནང་བཅོས་དཀའ་བའི་ནད་གཞི་ཚུ་ཡང་མཉམ་འབྲེལ་གྱི་ཐོག་ལས་བཅོས་ཐབས་འབད་ཚུགསཔ་བཟོ་ནི།
  • དེང་སང་བྱུང་ཆེ་བའི་ནད་གཞི་ཚུ་ནང་ཞིབ་འཚོལ་འབད་དེ་ ནུས་ལྡན་གྱི་སྨན་སྦྱོར་གསརཔ་བཟོ་ཚུགས་པའི་ཐབས་ལམ་བཏོན་ཨིན།

༢.༢)   ངོས༌འཛིན༌ལག་ཁྱེར།

ལོ་ངོ་༢གྱི་རིང་གསོ་བ་རིག་པའི་མཐོ་རིམ་གོང་མའི་་སློབ་སྦྱོང་འབད་དེ་མཐར་འཁྱོལ་ཞིནམ་ལས་ གསོ་བ་རིག་པའི་་མཐོ་རིམ་གོང་མའི་ལག་ཁྱེར་འདི༌གེ༌སར༌རྒྱལ༌པོ༌གསོ༌རིག༌གཙུག༌ལག༌སློབ༌སྡེ༌གིས༌གནང༌ནི་ཨིན།

༣)    སྦྱོང་བརྡར་གྱི་རྒྱབ་ཁུངས།

སྨན་ལྗོངས་འབྲུག་གི་བཀྲིན་ཅན་གྱི་བདག་ཉིད་ མི་དབང་ཞིང་གཤེགས་གསུམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་བཀའ་རྒྱ་བཞིན་ རང་ལུགས་སྔར་སྲོལ་སྨན་བཅོས་ལམ་ལུགས་གཅེས་སྐྱོང་དང་ གོང་འཕེལ། འབྲུག་གི་མི་སེར་ཡོངས་ལུ་ཕྱི་ནང་ཟུང་འབྲེལ་གྱི་སྨན་བཅོས་ཞབས་ཏོག་སྤྲོད་ཐབས་ལུ་ སྤྱི་ལོ་༡༩༦༨ལུ་ནང་པའི་སྨན་ཁང་འདི་འགོ་དང་པ་ས་གནས་བདེ་ཆེན་ཆོས་གླིང་ལུ་གཞུང་འབྲེལ་ཐོག་ལས་འགོ་བཙུགས་གནང་ཞིནམ་ལས་ཚུར་ ནང་པའི་དྲུང་འཚོ་དང་སྨན་པ་ཚུ་གིས་ལོ་ངོ་མང་རབས་ཅིག་གི་རིང་ལུ་རྒྱལ་ཁབ་མཐའ་དབུས་མེད་པའི་སྨན་ཁང་ཚུ་ནང་གཞུང་གི་སྲིད་བྱུས་དང་ལམ་སྟོན་དང་ ལྷག་པར་དུ་རྩ་ཁྲིམས་ཆེན་མོའི་དགོངས་དོན་བཞིན་སྨན་བཅོས་ཞབས་ཏོག་ཚུ་དེང་རབས་ཚན་རིག་སྨན་བཅོས་དང་མཉམ་འབྲེལ་གྱི་ཐོག་ལས་ཕྱག་ཞུ་བཞིན་དུ་ཡོད་རུང་ དྲུང་འཚོའི་མཐོ༌རིམ༌གོང༌མའི༌སློབ་སྦྱོང་སྦྱང་ནིའི་གོ་སྐབས་རྒྱ་གར་རྒྱལ་ཁབ་དང་ རྒྱ་ནག་རྒྱལ་ཁབ་ཚུ་ནང་འཚོལ་ཡོད་རུང་ རྩ་ལས་གོ་སྐབས་མ་ཐོབ་པར་དྲུང་འཚོ་ལ་ལུ་ཅིག་མཐོ་རིམ་གོང་མའི་སློབ་སྦྱོང་སྦྱང་ནིའི་གོ་སྐབས་མ་ཐོབ་པ་ར་སྒྲིག་གཡོག་གི་ལོ་ཚད་ཚང་སོང་ཡི། ཨིན་རུང་ གཞུང་ཞབས་ལས་ནང་པའི་དྲུང་འཚོ་གི་དོན་ལུ་གོ་སྐབས་འཚོལཝ་འཚོལ་སར་སྡོད་ཡོདཔ་ལས་མཐའ་མཇུག་ལུ་སོག་པོའི་རྒྱལ་ཁབ་ནང་མཐོ་རིམ་གོང་མའི་མཁས་མཆོག་སྦྱང་ནིའི་གོ་སྐབས་ཡོདཔ་གཟིགས་ཏེ་ འབྲེལ་མཐུད་མཛད་དེ་འགོ་དང་པ་སྤྱི་ལོ་༢༠༠༧ལུ་མཐོ་རིམ་གོང་མའི་དོན་ལུ་སོག་པོ་གསོ་བའི་ཚན་རིག་གཙུག་ལག་སློབ་སྡེ་ནང་ལུ་གདམ་འཐུ་འབད་དེ་གཏང་ནི་འགོ་བཙུགས་ཅི། ཨིན་རུང་ རྒྱལ་ཁབ་གཞན་ཁར་གཏང་ནི་འདི་གཞུང་ཞབས་ལུ་ཟད་འགྲོ་ལྕི་བའི་ཁར་ ཁ་སྐད་ཀྱི་དཀའ་ངལ་དང་། དྲུང་འཚོ་ལེ་ཤཱ་སྦེ་བཏང་མ་ཚུགསཔ་ལ་སོགས་པའི་དཀའ་ངལ་དང་གདོང་ལེན་ལེ་ཤཱ་ཅིག་བྱུངམ་ལས་ ནཱ་ལས་ཕར་རང་ལུགས་གསོ་བ་རིག་པའི་མཐོ་རིམ་གོང་མའི་སྦྱོང་བརྡར་འདི་ རང་གི་རྒྱལ་ཁབ་ནང་ར་གཞི་བཙུགས་འབད་དགོཔ་ཁག་ཆེཝ་ལས་ སྤྱི་ལོ་༢༠༡༤ལུ་དྲུང་འཚོའི་མཐོ་རིམ་གོང་མའི་སྦྱོང་བརྡར་དང་མཁས་མཆོག་གི་སྦྱོང་བརྡར་གཞི་བཙུགས་འབད་ནི་ཨིན་ཟེར་སྤེལ་ཁང་གིས་འབྲུག་རྒྱལ་འཛིན་གཙུག་སློབ་སྡེ་ལུ་ཕུལ་བའི་ཁས་ལེན་གྱི་ཡིག་ཆ་ནང་ར་ཚུད་དེ་ཡོད། སྦྱོང་བརྡར་འདི་གཞི་བཙུགས་འབད་ཚུགས་པ་ཅིན་ རྒྱལ་ཁབ་གཞན་ལས་ཡང་སློབ་སྦྱོང་འབད་བར་འོང་ནིའི་གོ་སྐབས་དང་ རང་འཚོ་རང་ལྡང་ལུ་ཡང་ཕན་ཐོགས་འབྱུང་ཚུགས་ནི་ཨིན།

༤ )   སྦྱོང་བརྡར་དགོ་པའི་གནད་དོན།

ང་བཅས་རའི་ནང་པའི་དྲུང་འཚོ་ཚུ་ཁྱད་རིག་གཞན་བཟུམ་སྦེ་ཕྱིའི་རྒྱལ་ཁབ་ཚུ་ནང་འགྱོ་ནིའི་གོ་སྐབས་མེད་ནི་དེ་གིས་ མཁས་མཆོག་དང་མཐོ་རིམ་གོང་མའི་སྦྱོང་བརྡར་འདི་ནང་པའི་གསོ་རིག་སློབ་ཚོགས་ནང་ར་གཞི་བཙུགས་འབད་དགོ་པའི་སྐོར་ལས་ ཧེ་མ་ལས་གྲོས་འཆར་ལེ་ཤཱ་ཅིག་བཀོད་ཡོད་རུང་ མཁས་མཆོག་སྦྱོང་བརྡར་འབད་ཚར་མི་ག་ཡང་མེདཔ་ལས་བརྟེན་ཏེ་ད་ལྟོ་ཚུན་ཚོད་ལུས་ཡོདཔ་ཨིན། གསོ་བ་རིག་པའི་མཐོ་རིམ་གོང་མའི་སྦྱོང་བརྡར་དགོ་པའི་གནད་དོན་འདི་ རྒྱལ་ཁབ་ནང་ཕྱི་ཚན་རིག་གི་སྨན་བཅོས་དང་མཉམ་འབྲེལ་ཐོག་ལས་རང་ལུགས་གསོ་བ་རིག་པའི་སྨན་བཅོས་དེ་ཡང་ཡར་དྲག་དང་སྤུས་ཚད་ཅན་གྱི་ཐོག་ལས་ཞབས་ཏོག་སྤྲོད་དགོཔ་སྦེ་ཡོད་རུང་ ད་ལྟོ་གི་གནས་སྟངས་ནང་ནང་སྨན་ལྟེ་བ་དང་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ཚུ་ནང་ཁྱད་རིག་ཡོད་མི་མེདཔ་ལས་བརྟེན་ ནདཔ་མཐོ་གཏུགས་འབད་ནི་དང་། དོགས་དཔྱོད། མཐར་ཐུག་སའི་སྨན་བཅོས་ཚུ་འབད་མ་ཚུགས་པའི་དཀའ་ངལ་དང་། གསོ་བ་རིག་པ་ཡར་རྒྱས་ཀྱི་དོན་ལུ་ཞིབ་འཚོལ་འབད་ཐོག་ལས་དེང་སང་གི་དུས་ལུ་གྲུབ་བྱེད་ལྡན་པའི་སྨན་གསརཔ་བཏོན་ནི་དང་སྤུས་ཚད་དང་ལྡན་པའི་སྨན་བཅོས་ཞབས་ཏོག་གི་དོན་ལུ་མཐོ་རིམ་གོང་མའི་སྦྱོང་བརྡར་ངེས་པར་དུ་དགོཔ་སྦེ་གསོ་བའི་ལྷན་ཁག་ལས་བཀའི་གནང་བ་སློབ་ཚོགས་ལུ་གནང་ཡོདཔ་ཨིན། ང་བཅས་སློབ་ཚོགས་ཀྱི་འགན་ཁུར་འདི་ མི་སྟོབས་སྤེལ་ནིའི་འགན་ཁུར་ངོ་མ་ཅིག་ཨིནམ་ལས་བརྟེན་ གོང་གི་དགོས་དོན་ཚུ་འགྲུབ་ཐབས་ལུ་ སྤེལ་ཁང་སློབ་རིག་བཀོད་ཚོགས་ཐེངས་༦པའི་ནང་གྲོས་བསྡུར་རྒྱས་པར་གནང་སྟེ་ ཆ་འཇོག་གྲུབ་པ་མ་ཚད་ གྲོས་ཆོད་དང་འཁྲིལ་ མཁས་མཆོག་གི་དགོས་མཁོ་གཞན་ཡང་ཡོད་རུང་ ད་ལྟོ་འགོ་དང་པ་དགོཔ་ཁག་ཆེ་ཤོས་འདི་སྨན་བཅོས་དང་དཔྱད་བཅོས་གཉིས་འདོམས་ཀྱི་ཞིབ་འཚོལ་གྱི་ཐོག་ལས་སྦེ་མཐོ་རིམ་གོང་མ་འདི་ངེས་པར་གལ་ཆེཝ་སྦེ་བདམས་ཏེ་ནང་པའི་གསོ་རིག་སློབ་ཚོགས་ཀྱི་འགོ་འདྲེན་ཐོག་ རྒྱལ་ཡོངས་ནང་པའི་སྨན་ཁང་ལྟེ་བ་དང་། སྨན་ལྗོངས་གསོ་རིག་བཟོ་སྐྲུན་ཁང་གཉིས་ལས་ཡང་འཐུས་མི་ཚུ་འཛོམས་ཐོག་ལས་སྤྱི་ལོ་༢༠༡༢ཟླ་༡༢པའི་ནང་ལས་འགོ་བཟུང་ཆོས་ཚན་རྩ་གཞུང་ཚུ་བཟོ་ནི་འགོ་བཙུགས་ཏེ་མཇུག་ར་གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་གིས་འགོ་འདྲེན་ཐོག་ལུ་སྤྱི་ཚེས་༡༩/༠༦/༢༠༡༦ལུ་ས་གནས་སྤ་རོ་ལུ་སྦེ་ ད་ལྟོ་འགོ་ཐོག་ལོ་ངོ་གཉིས་ཀྱི་མཐོ་རིམ་གོང་མའི་སྦྱོང་བརྡར་གཞི་བཙུགས་འབད་ནི་དང་ མ་འོངས་པ་ལུ་སྨན་ཁང་གི་དགོས་མཁོ་དང་འཁྲིལ་མཁས་མཆོག་གི་སྦྱོར་བརྡར་ཚུ་ཡང་གཞི་བཙུགས་འབད་ནི་སྦེ་མཐའ་དཔྱད་འབད་ཡི།

༣)     སྦྱོང་བརྡར་པ་ལེན་ནིའི་འཆར་གཞི།

ད་ལྟོ་ཚུན་ཚོད་ལུ་གསོ་རིག་སློབ་ཚོགས་ནང་ལས་དྲུང་འཚོའི་སློབ་སྦྱོང་མཐར་འཁྱོལ་མི་བསྡོམས་༨༠དེ་ཅིག་ཡོདཔ་མཐོ་རིམ་གོང་མའི་སྦྱོང་བརྡར་འདི་ངེས་པར་དུ་སྤྲོད་དགོཔ་ཡོད། དེ་བཟུམ་སྦེ་ལོ་བསྟར་བཞིན་དུ་དྲུང་འཚོའི་སློབ་སྦྱོང་པ་མཐར་འཁྱོལ་མི་ད་ལྟོ་མི་༦རེ་འཐོན་དོ་ཡོད་མི་འདི་ རིམ་པ་བཞིན་དུ་ཡར་སེང་འབད་ནི་ཨིནམ་ལས་ ལོ་རེའི་བར་ན་སྨན་བཅོས་མཐོ་རིམ་གོང་མའི་སྦྱོང་བརྡར་ནང་མི་གྲངས་༤རེ། དེང་སང་དུས་ཀྱི་འགྱུར་བ་དང་བསྟུན་མཐོ་རིམ་གོང་མའི་སྦྱོང་བརྡར་འདི་ཁག་ཆེཝ་ལས་བརྟེན་ཏེ་ སྦྱོང་བརྡར་ནང་གཞུང་ལས་གནང་བ་ཐོབ་མི་རྐྱངམ་ཅིག་མེན་པར་ རང་གི་ཟད་འགྲོའི་ཐོག་ལས་ཡང་གོ་སྐབས་སྤྲོད་ནི་ཨིན་ཟེར་ཞུ་ནི།

༤ )    རྩ་གཞུང་གི་སྒྲིག་བཀོད།

མཐོ་རིམ་གོང་མའི་སྦྱོང་བརྡར་བཟོ་དགོ་པའི་དམིགས་ཡུལ་གཙོ་བོ་ར་དྲུང་འཚོ་ཚུ་ལུ་སྨན་བཅོས་དང་དཔྱད་བཅོས་ཀྱི་ཁྱད་རིག་ཟུང་འབྲེལ་གྱི་ཞིབ་འཚོལ་གྱི་ཐོག་ལས་དགོཔ་ཁག་ཆེཝ་ལས་བརྟེན་ སྨན་བཅོས་ཁྱད་རིག་གི་ཞབས་ཏོག་ཞུ་ཚུགས་ཐབས་ལུ་རྩ་གཞུང་འདི་སྒྲིག་བཀོད་འབད་ཡི་ཟེར་ཞུ་ནི། དེ་ཡང་མཐོ་རིམ་གོང་མའི་དོན་ལུ་སྦྱོང་མཐུས་༢༤༠དང་། སྤྱིར་བཏང་སྦྱོང་ཚན་རེ་ལུ་སྦྱོང་འཐུས་༡༢རེ་དགོཔ་སྦེ་ཡོད་རུང་ ལ་ལུ་ཅིག་ལུ་སྦྱོང་འཐུས་མ་ལངམ་དང་ ལ་ལུ་ཅིག་སྦྱོང་འཐུས་ལྷགཔ་སྦེ་ཡོད་མི་འདི་ ཆོས་ཚན་ངོ་མའི་མང་ཉུང་དང་འཁྲིལ་དེ་སྦེ་ར་བཀོད་དེ་ཡོད།

༦ )   འཛུལ་ཞུགས་ཁྱད་ཆོས། 

མཐོ་རིམ་གོང་མའི་སྦྱོང་བརྡར་ནང་འཛུལ་ཞུགས་ཀྱི་དོན་ལུ་ཉུང་ཤོས་དྲུང་འཚོ་ལོ་ལྔའི་སྦྱོང་བརྡར་ནང་ལས་མཐར་འཁྱོལ་མི་དང་ དེ་དང་འདྲ་མཉམ་གྱི་ཤེས་ཚད་ཡོད་མི་དགོཔ་ཨིན། ཨིན་རུང་སྨན་བཅོས་དང་དཔྱད་བཅོས་ཀྱི་འབྲེལ་བའི་ལཱ་གཡོག་ནང་ཉམས་མྱོང་ཡོད་མི་ཚུ་ལུ་གཙོ་རིམ་སྦེ་སྤྲོད་ནི་ཨིན།

༧ )   སྦྱོང་བརྡར་གྱི་འཐུས།

སྨན་བཅོས་དང་ལས་ལྔ་ལ་སོགས་པའི་དཔྱད་རིགས་ཚུ་གི་ལག་ལེན་ཁ་སྐོང་འཐོབ་ནི་གི་དོན་ལུ། གསོ་བ་རིག་པ་དང་འབྲེལ་བ་ཡོད་པའི་རྒྱ་གར་འཇམ་ན་གར་དང་ཝ་ར་ན་སི་ཚུ་ནང་ལུ་ཐོ་ཤོས་ཟླ་ངོ་གཅིག་གི་རིང་ལུ་གཏང་ནི་ཨིན། ཨིན་རུང་གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་ལས་ཆ་འཇོག་མཛད་གནང་ཡོད་པའི་སྦྱོང་བརྡར་གྱི་གླ་འཐུས་འདི་གསོ་བ་རིག་པའི་་སློབ་ཚོགས་ནང་ལུ་སྦྱོང་བརྡར་འབད་ནི་གི་དོན་ལུ་ཨིན། གཞན་རྒྱལ་ཁབ་ནང་འཁོད་དང་གསོ་བ་རིག་པ་དང་འབྲེལ་བ་ཡོད་པའི་རྒྱ་གར་གི་རྒྱལ་ཁབ་ཚུ་ནང་ཕྱིར་སྐྱོད་འབད་དགོ་མི་ཚུ་ཟད་འགྲོ་རང་གིས་གཏང་ཐོག་དང་, ལས་ཁུངས་, ལས་སྡེ་, ལྷན་ཁག་ཚུ་གིས་གཏང་ཐོག་ལས་མ་གཏོགས་སློབ་ཚོགས་ནང་ལས་ཟད་འགྲོ་གཏང་ནི་མེདཔ་ཨིན།

༨ )   སློབ་སྟོན་དང་སྦྱོང་བརྡར་གྱི་ཐབས་ལམ།

སློབ་སྟོན་དང་སྦྱོང་བརྡར་ཚུ་སློབ་ཁང་ནང་ལུ་དཔེ་ཁྲིད་དང་བློར་འཛིན་འབད་དགོ་པའི་ཁར་ནདཔ་བརྟག་དཔྱད་དང་དཔྱད་བཅོས་ཀྱི་ལག་ལེན་སྦྱོང་བརྡར་འབད་དགོཔ་དང་། སློབ་ཕྲུག་གཙོར་བཏོན་གྱི་ཐོག་ལས་ནདཔ་དང་ཅིག་ཁར་འབྲེལ་བ་འཐབ་སྐབས་སུ་ཐོབ་པའི་ཉམས་མྱོང་དང་གཞུང་དོན་ག་བསྡུར་འབད་དེ་ཞིབ་འཚོལ་གྱི་ལས་འགུལ་ཚུ་འབྲི་དགོཔ་མ་ཚད་ ཞིབ་འཚོལ་གྱི་སྙན་ཞུ་ཚུ་མཁས་མཆོག་འཐུས་མི་ལྷན་བཞུགས་ནང་སྤྱན་ཞུ་འབད་དགོ སྤྱན་ཞུའི་སྐབས་མཆན་འདོགས་དང་བསམ་འཆར་བཀོད་མི་ཚུ་ཡང་བསྐྱར་བསྒྱུར་བཅོས་དང་ལེགས་བཅོས་འབད་དེ་མཐའ་དཔྱད་ཀྱི་གྲུབ་འབྲས་མ་ཐོན་གྱི་རིང་ཡང་བསྐྱར་སྤྱན་ཞུ་འབད་དགོཔ་ཨིན། དེ་ཡང་སྦྱོང་བརྡར་གྱི་ལག་ལེན་དང་ཞིབ་འཚོལ་གྱི་ལམ་སྟོན་ཆེད་བཀོད་འབད་ཡོད་མི་དང་འཁྲིལ་འབད་དགོ།

༩ )   དབྱེ་ཞིབ་ཀྱི་ཐབས་ལམ།

དབྱེ་ཞིབ་ཀྱི་ཐད་ དུས་རྒྱུན་བརྟག་དཔྱད་དཔྱད་བཅོས་ཁང་ནང་ལག་ལེན་དངོས་བསྟར་དང་ སྨན་བཅོས་དང་དཔྱད་བཅོས་ཀྱི་ནང་ངེས་པར་མཁོ་བའི་རྩ་བ་བློར་འཛིན་ཚུ་དང་། དུས་རྒྱུན་དབྱེ་ཞིབ་ནང་ལས་སྐུགས་བརྒྱ་ཆ་༦༠། སློབ་དུས་ཀྱི་མཐའ་དཔྱད་ཆོས་རྒྱུགས་ནང་ལས་སྐུགས་བརྒྱ་ཆ་༤༠རེ་ཐོབ། དབྱེ་ཞིབ་ཆ་མཉམ་ནང་ལུ་སྦྱོང་ལཱ་དང་། བློར་འཛིན། ལག་ལེན་དངོས་བསྟར་གྱི་རྒྱུགས། ཞིབ་འཚོལ། འབྲི་རྒྱུགས་ཚུ་ཚུདཔ་ཨིན།

༡༠ )  སྦྱོང་བརྡར་གྱི་འཛིན་སྐྱོང་།

སྦྱོང་བརྡར་གྱི་འཛིན་སྐྱོང་དེ་ཡང་སྤེལ་ཁང་གི་སློབ་རིག་བཀོད་ཚོགས་དང་སློབ་རིག་སྒྲིག་འཛིན་གྱི་བཀོད་བྱའི་འོག་ སྦྱོང་བརྡར་ལས་རིམ་འགོ་དཔོན་གྱིས་འཆར་གཞི་དང་ལས་རིམ་གྱི་ཐོག་ལས་འབད་ནི་ཨིན། སློབ་རིག་སྒྲིག་འཛིན་གྱིས་སྦྱོང་བརྡར་བལྟ་བཀོད་པ་དང་སློབ་སྟོན་འབད་མི་ཚུ་ངོས་འཛིན་དང་བསྐོ་བཞག་འབད་ཞིནམ་ལས་ བལྟ་བཀོད་པ་གིས་སློབ་སྟོན་དང་ལག་ལེན་དངོས་བསྟར་ ཞིབ་འཚོལ་གང་ཅིའི་ཐད་ སྤྱིར་བཏང་གཙུག་ལག་སློབ་སྡེའི་མཁས་མཆོག་དང་མཐོ་རིམ་གོང་མའི་སློབ་སྦྱོང་འབད་ཐངས་ལམ་ལུགས་ལྟར་ དཔེ་ཁྲིད་དང་ ལག་ལེན་དངོས་བསྟར། རང་གིས་གདམ་འཐུ་འབད་བའི་དོན་ཚན་ནང་ཞིབ་འཚོལ་གྱི་གྲུབ་འབྲས་མ་ཐོན་གྱི་རིང་ལུ་སློབ་སྟོན་གྱི་སྒྲིག་གཞི་ལས་སྤུ་ཙམ་ཡང་འདའ་བ་མེད་པར་ལག་ལེན་འཐབ་དགོཔ་ཨིན།

༡༡)   སྦྱོང་བརྡར་གྱི་སྤུས་ཚད།

སྦྱོང་བརྡར་གྱི་སྤུས་ཚད་འདི་ དཔེ་ཁྲིད་རྐྱངམ་ཅིག་གིས་འཐོན་མི་ཚུགས་ནི་ཨིནམ་ལས་ སྨན་ཁང་ནང་མཁསམཆོག་ཚུ་དང་ཅིག་ཁར་ཉིན་བསྟར་བཞིན་ལག་ལེན་དངོས་བསྟར་འབད་ནི་དང་།  ཞིབ་འཚོལ་གྱི་ཐབས་ལམ་དང་ལམ་སྟོན་དང་འཁྲིལ་ཞིབ་འཚོལ་ཚུ་ཡིག་ཆ་ཁུངས་གཏུགས་དང་། དོགས་དཔྱོད་ཀྱི་ཐོག་ལས་འབད་ནི་ཨིནམ་ལས་ སྦྱོང་བརྡར་འདི་མཐར་འཁྱོལ་ཞིནམ་ལས་ གཞུང་བཤད་དང་ སྨན་བཅོས་དང་དཔྱད་བཅོས་ནང་ལག་ལེན་དངོས་བསྟར་ཐོགས་རྡུགས་ཉམ་ང་མེད་པར་འབད་ཚུགསཔ་བཟོ་ནི་ཨིནམ་མ་ཚད་ གསོ་བ་རིག་པའི་ནང་ལུ་ཞིབ་འཚོལ་འབད་དེ་དོན་ཚན་གང་རུང་ཅིག་ནང་གྲུབ་འབྲས་སྤུས་ཚད་ཅན་སྦེ་ར་བཏོན་ཚུགསཔ་འབད་ནི་ཨིན།

༡༢ )  སྦྱོང་བརྡར་གྱི་མཐུན་རྐྱེན།

སྦྱོང་བརྡར་གསར་བཙུགས་ཀྱི་དོན་ལུ་ཕྱིའི་མཐུན་རྐྱེན་གཞི་རྟེན་མཁོ་ཆས་ སློབ་ཁང་དང་། འགྲེམས་སྟོན་ཁང་། ལག་ལེན་དཔེ་སྟོན་ཁང་། དཔེ་མཛོད་ཁང་། གློག་རིག་ ལག་ལེན་དངོས་བསྟར་འབད་སའི་སྨན་ཁང་དང་དེ་ནང་སྨན་བཅོས་དང་དཔྱད་བཅོས་ཀྱི་མཁས་མཆོག་ཚུ་ཡོདཔ་མ་ཚད་ སློབ་ཚོགས་ནང་ལུ་ཡང་ གསོ་རིག་ཞིབ་རོགས་མཁས་དབང་། ཞིབ་འཚོལ་ལེགས་བཤད་པ། དབྱིན་སྐད་ཀྱི་ལེགས་བཤད་པ། གསོ་རིག་ལེགས་བཤད་པ་ཚུ་ཡོདཔ་ལས་ནང་གི་མཐུན་རྐྱེན་ཚུ་ཡང་ལངམ་སྦེ་ཡོདཔ་ཨིན། གལ་སྲིད་ མཁས་དབང་ལེགས་སྦྱར་བ་གཞན་རེ་གཉིས་ཁ་སྐོང་དགོཔ་ཡོད་རུང་ མཁས་དབང་དྲུང་འཚོ་ཚུ་སྐུ་མགྲོན་ལེགས་སྦྱར་བ་སྦེ་མགྲོན་ཞུ་འབད་ནི་ཨིན།

༡༣)   གསོ་བ་རིག་པའི་མཐོ་རིམ་གོང་མའི་ཆོས་ཚན་རྩ་གཞུང་།